ཝུའུ་ཁི་ལན་གྱི་དཔོན་རིགས་ཀྱིས་རྒྱལ་སྤྱིའི་བདེ་འཇགས་འགན་སྲུང་ལ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་ཇུས་གཞིའི་ཁྲོད་གལ་འགངས་ཧ་ཅང་ཆེ་བའི་ཚུལ་བསྟན།

ཝུའུ་ཁི་ལན་གྱི་ཞིབ་བཤེར་དཔོན་ཅེས་པའི་དྲ་ཚིགས་ཀྱིས་ཚེས29ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཝུའུ་ཁི་ལན་གྱི་འཐུས་མི་མཱེ་ལེ་ནེ་ཁི་ཡིས་ཉེ་སྔོན་འཇར་མན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་མ་ཞུགས་སྔོན་གྱི་གནས་སྐབས་ཀྱི་ཐག་གཅོད་ཇུས་གཞིའི་ནང་། རྒྱལ་སྤྱིའི་བདེ་འཇགས་འགན་སྲུང་དེ་གལ་འགངས་ཧ་ཅང་ཆེ་ཟེར།

མཱེ་ལེ་ནེ་ཁི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ནང་ཞུགས་པ་དེ་སྔར་བཞིན་ཝུའུ་ཁི་ལན་ཕྱོགས་ཀྱི་གྲོས་རིམ་ནང་བཞག་ཡོད་ཀྱང་། ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་མ་ཞུགས་སྔོན་གྱི་གནས་སྐབས་ཀྱི་ཐག་གཅོད་ཇུས་གཞི་ལ་མཚོན་ན། རྒྱལ་སྤྱིའི་བདེ་འཇགས་འགན་སྲུང་དེ་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་ནན་གྱིས་བསྟན་དོན། ནུབ་ཕྱོགས་མནའ་འབྲེལ་གྲོགས་པོས་འདོན་སྤྲོད་བྱས་པའི་རྒྱལ་སྤྱིའི་བདེ་འཇགས་འགན་སྲུང་དེ་ངེས་པར་དུ་ཆབ་སྲིད་ཀྱི་དམ་བཅའ་ངོ་མ་ལས་བརྒལ་དགོས་པ་དང་། ཝུའུ་ཁི་ལན་ལ་ཡང་བསྐྱར་དཔུང་འཇུག་ཐེབས་སྐབས་མནའ་མཐུན་གྲོགས་པོ་དག་གིས་དམག་དོན་བྱེད་ཐབས་གང་འདྲར་བརྟེན་ནས་ཝུའུ་ཁི་ལན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་ཞིབ་ཏུ་རྒྱས་བཤད་བྱེད་དགོས་ཟེར།

མཱ་ལེ་ནེ་ཁི་ཡིས་བལྟས་ན། ཝུའུ་ཁི་ལན་ཕྱོགས་ཀྱིས་ནུབ་ཕྱོགས་མནའ་མཐུན་རྒྱལ་ཁ་བར་ཕྱོགས་གཉིས་སམ་ཕྱོགས་མང་བོའི་བདེ་འཇགས་འགན་སྲུང་གྲོས་མཐུན་བཀོད་ཆོག་པ་དང་། ཝུའུ་ཁི་ལན་ཕྱོགས་ལ་ནུབ་ཕྱོགས་མནའ་མཐུན་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་ཚད་བཀག་རང་བཞིན་ལྡན་པའི་འགན་སྲུང་དམ་བཅའ་འདོན་སྤྲོད་བྱེད་དགོས་ཟེར།

མཱེ་ལེ་ནེ་ཁི་ཡིས་བཤད་རྒྱུར། རྒྱལ་སྤྱིའི་བདེ་འཇགས་འགན་སྲུང་དེ་མ་འོངས་པར་ཝུའུ་ཁི་ལན་དང་ཨུ་རུ་སི་ཡིསི་ཞི་བདེའི་ཆིངས་ཡིག་འགོད་པའི་ཁག་ཅིག་ཏུ་འགྱུར་ཡང་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号