ཁཱ་ཝེ་ལཱ་ཧྲི་ཝེ་ལེ་ཡིས་དངོས་སུ་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་གི་འགན་ཁུར།

ཀི་ལུའུ་ཅི་ཡཱའི་གསར་དུ་བདམས་པའི་ཙུང་ཐུང་ཁཱ་ཝེ་ལཱ་ཧྲི་ཝེ་ལེ་ཡིས་ཚེས29ཉིན་ཀི་ལུའུ་ཅི་ཡཱའི་གྲོས་ཁང་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། ཀི་ལུའུ་ཅི་ཡཱའི་སྐབས་གསར་བའི་ཙུང་ཐུང་གི་ལས་འགན་དངོས་སུ་ཁུར།

འདེམ་བསྐོ་ཚོགས་པའི་ཁོངས་མི་དང་། སྲིད་གཞུང་དང་རྩ་ཁྲིམས་ལས་ཁུངས་ཀྱི་འཐུས་མི། ཁཱ་ཝེ་ལཱ་ཧྲི་ཝེ་ལེ་ཡི་ཁྱིམ་མི་བཅས་ལས་འགན་ཁུར་བའི་མཛད་སྒོར་ཞུགས།

ཟླ12པའི་ཚེས14ཉིན། སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་ཕུགས་བསམ་ཏང་གིས་མིང་འདོན་བྱས་པའི་ཁཱ་ཝེ་ལཱ་ཧྲི་ཝེ་ལེ་ལ་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་ནས་ཙུང་ཐུང་དུ་བདམས་ཐོན་བྱུང་། བཟོ་བཅོས་བྱས་རྗེས་ཀྱི་ཀི་ལུའུ་ཅི་ཡཱའི་རྩ་ཁྲིམས་ལྟར་ན། ཐེངས་འདིར་ཀི་ལུའུ་ཅི་ཡཱའི་ཙུང་ཐུང་དེ་ཐོག་དང་པོར་འདེམ་དམངས་ཀྱིས་ཐད་ཀར་བདམས་ཐོན་བྱེད་པ་ནས་རྒྱལ་ཁབ་གྲོས་ཁང་གི་གྲོས་མི་དང་ས་གནས་གྲོས་ཁང་གི་གྲོས་མི་བཅས་མི300ཡིས་གྲུབ་པའི་འདེམ་བསྐོའི་ཚོགས་པས་བདམས་པ་ཡིན་ལ་འགན་ཡུན་ལོ་ངོ་ལྔ་རེད།

ཁཱ་ཝེ་ལཱ་ཧྲི་ཝེ་ལེ་ནི་ད་ལོར་ལོ53ཡིན་པ་དང་། སྔོན་ཆད་ཁོ་ནི་ཆེད་ལས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཞིག་རེད། ལུས་རྩལ་རུ་ཁག་ལས་ཕྱིར་བུད་རྗེས་ཆབ་སྲིད་ཀྱི་ལས་ལ་ཞུགས་པ་རེད། 2016ལོར་ཀི་ལུའུ་ཅི་ཡཱའི་ཕུགས་བསམ་ཏང་གི་ཁོངས་མིའི་ཐོབ་ཐང་གིས་ཐོག་དང་པོར་ཀི་ལུའུ་ཅི་ཡཱའི་གྲོས་ཁང་གི་གྲོས་མིར་བདམས་པ་དང་། ད་ལོའི་ཟླ10བའི་ཚེས26ཉིན་སྤེལ་བའི་གྲོས་ཁང་གི་འདེམ་བསྐོའི་ཁྲོད་ཁོ་རང་ཐེངས་གསུམ་པར་ཀི་ལུའུ་ཅི་ཡཱའི་གྲོས་ཁང་གི་གྲོས་མིར་བདམས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号