ཙེ་ལེན་སི་ཅི་ཡིས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས23ཉིན་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་འགྲོ་འོང་དང་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར།

ཙེ་ལེན་སི་ཅི་ཡིས་ཉིན་དེར་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་གསར་དུ་འགན་ཁུར་བའི་ཝུའུ་ཁི་ལན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་མཱ་ཧྲིན་ཁོན་གྱིས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ཁོས་ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བའི་འཕེལ་རྒྱས་རྣམ་པར་གདེང་འཇོག་ཆེན་པོ་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་ཉོ་ཚོང་དང་མི་གཞུང་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར།

མཱ་ཧྲིན་ཁོན་གྱིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཁི་ལན་ནི་འཐབ་ཇུས་གྲོགས་པོ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱང་རིང་ལ་དམིགས་ནས་ཝུའུ་ཁི་ལན་བར་གྱི་འབྲེལ་བར་འཆར་འགོད་བྱེད་བཞིན་ཡོད་ལ། ཝུའུ་ཁི་ལན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་གལ་ཆེན་དངོས་འབེབས་གང་ལེགས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཝུའུ་ཁི་ལན་གྱི་འབྲེལ་བར་སྲུང་སྐྱོབ་དང་འཕེལ་རྒྱས་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

མཱ་ཧྲིན་ཁོན་ནི་ཟླ11པའི་ཚེས20ཉིན་ཝུའུ་ཁི་ལན་དུ་འབྱོར་ནས་ལས་འགན་གསར་དུ་ཁུར་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号