དབྱི་སི་རལ་གྱིས་ཧཱ་མཱ་སིའི་སྔོན་ཆད་ཀྱི་འགོ་ཁྲིད་པ་ཧཱ་ནེ་ཡཱ་ལྐོག་གསོད་བྱས་པ་ཁས་ལེན་བྱས།

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས23ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཉིན་དེར་བདེན་དཔང་བྱས་དོན། དབྱི་སི་རལ་གྱིས་ཟླ7པའི་ཚེས31ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྔོན་ཆད་ཀྱི་འགོ་ཁྲིད་པ་ཧཱ་ནེ་ཡཱ་ལྐོག་གསོད་བྱས་པ་བདེན་དཔང་བྱས།

ཁཱ་ཚི་ཡིས་ཉིན་དེར་རྗེས་དྲན་བྱ་འགུལ་ཞིག་གི་སྟེང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉེ་སྔོན་ཐེངས་མང་བོར་དབྱི་སི་རལ་ལ་དམིགས་པའི་འཕུར་མདའི་འཇབ་རྒོལ་འཇིགས་ཉེན་བཟོས་པའི་ཐད་ནས་བཤད་རྒྱུར། ང་ཚོས་ཧུའུ་སེ་དྲག་ཆས་པའི་འཐབ་ཇུས་རྨང་གཞིའི་སྒྲིག་ཆས་ལ་ཆམ་ཕབ་བཏང་སྟེ་དེའི་འགོ་ཁྲིད་པ་གསོད་རྒྱུ་ཡིན། ང་ཚོས་ཏི་ཧེ་ལན་དང་ཅཱ་ཧྲ། ལེ་པཱ་ནུན་བཅས་ནས་ཧཱ་ནེ་ཡཱ་དང་ཞིན་ཝ་ཨར། ནེ་སི་ལུའུ་ལཱ་སོགས་ལ་ངོ་ཡ་བྱས་པ་དང་འདྲ་བར་ང་ཚོས་ཧི་ཐེ་ཏཱ་དང་སཱ་ནཱ་ནས་དེ་ལྟར་བྱེད་ངེས་ཡིན་ཟེར།

ཁཱ་ཚི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཧཱ་མཱ་སི་དང་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་ཕམ་ཉེས་སུ་བཏང་སྟེ། དབྱི་ལིང་གི་འགོག་སྲུང་མ་ལག་དང་འཕུར་མདའི་ཐོན་སྐྱེད་མ་ལག་གཏོར་བཤིག་བཏང་ཡོད་པར་མ་ཟད་ཧུའུ་སེ་དྲག་ཆས་པའི་སྒྲིག་ཆས་ལའང་ཆམ་ཕབ་དྲག་པོ་གཏོང་ངེས་ཡིན་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号