རྒྱལ་ཁབ་འདིའི་ཙུང་ཐུང་ཟུར་པ་བཙོན་དུ་འཇུག་རྒྱུ་རེད།
ཧྥ་རན་སིའི་ཆེས་མཐོའི་ཁྲིམས་ཁང་གིས་ཙུང་ཐུང་ཟུར་པ་ཉི་ཀུའུ་ལཱ་·ས་ཁོ་ཆི་ཡི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞིར་མཐའ་མའི་ཁྲུན་ཐག་བཅད་དེ་ས་ཁོ་ཆི་ལོ་3་རིང་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་ཀྱང་དེའི་རིང་ཁོ་པ་བཙོན་ཁང་དུ་ཁྲིམས་ཆད་འཁུར་རྒྱུ་མ་རེད། ཁྲིམས་ཆད་འཁུར་ལོ་དང་པོར་ཁོང་པར་གློག་རྡུལ་ལག་གདུབ་འདོགས་རྒྱུ་རེད།
ས་ཁོ་ཆི་ཡི་ཁྲིམས་རྩོད་པས་སྨྱན་སྦྱོར་དུ་ཁོ་པས་ཁྲིམས་ཁང་གི་ཐག་གཅོད་བརྩི་སྲུང་བྱ་རྒྱུ་ཡིན་མོད་ཀྱང་གྱོད་དོན་ཡོ་རོབ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཁང་ལ་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས།
ས་ཁོ་ཆི་ཡིས་2007ལོ་ནས་2012ལོའི་བར་ཧྥ་རན་སིའི་ཙུང་ཐུང་གི་འགན་འཁུར། ད་ལོའི་ཟླ་2ཚེས་14ཉིན། ཧྥ་རན་སིའི་ཙུང་ཐུང་ཟུར་པ་ས་ཁོ་ཆིས་2012ལོའི་འདེམས་བསྐོ་ཆེན་པོའི་སྐབས་སུ་ཁྲིམས་དང་འགལ་ཏེ་འདེམས་བསྐོའི་མ་དངུལ་བེད་སྤྱད་པའི་ཉེས་མིང་གྲུབ་པས་ལོ་1རིང་བཙོན་དུ་འཇུག་རྒྱུའི་ཁྲིམས་ཐག་བཅད་པ་རེད། དེའི་ནང་ནས་ཟླ་བ་དྲུག་ནི་ཉེས་ཆད་ཕྱིར་འགྱངས་བྱ་རྒྱུ་དང་། དེ་མིན་གྱི་ཟླ་བ་ནི་བཙོན་ཁང་གི་ཕྱི་རོལ་དུ་ལག་བསྟར་བྱ་རྒྱུ། གཞན་ཡང་། ས་ཁོ་ཆི་ལ་2007ལོའི་ཙུང་ཐུང་འདེམས་བསྐོའི་ཁྲོད་ཁྲིམས་དང་འགལ་ཏེ་སྐབས་དེའི་ལི་པི་ཡ་ཁ་ཀྲ་ཧྥེའི་སྲིད་གཞུང་གི་མ་དངུལ་དང་ལེན་བྱས་པའི་ཉེས་འདོན་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注