དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི27རྐྱེན་ལམ་དུ་ཤོར་བ།

ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་ཚེས12ཉིན་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཉིན་དེའི་དགོང་མོ་ཅ་ཧྲ་ས་ཁུལ་དབུས་རྒྱུད་ཀྱི་ནུའུ་སའེ་ལའེ་ཐེ་ཡུལ་གྱར་བའི་སྒར་ས་ཞིག་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི27རྐྱེན་ལམ་དུ་ཤོར། དེའི་ཁྲོད་བུད་མེད་དང་བྱིས་པ་ཚུད་ཅིང་། གཞན་ཡང་མི་བཅུ་ལྷག་ལ་རྨས་སྐྱོན་ཐེབས་ཡོད།

ཅ་ཧྲ་ས་ཁུལ་དམངས་ཟོན་སྡེ་ཁག་གི་མགྲིན་ཚབ་པ་མ་ཧ་མའོ་ཏེ·པ་ས་ལེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དབྱི་སི་རལ་དམག་དཔུང་གི་དམིགས་ཡུལ་ནི་གྲོང་མིའི་ཁྲོམ་གཞུང་ཞིག་རེད་ལ། མིག་སྔར་འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད། རྨས་མ་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟབས་སྔོན་དཔག་བྱས་ན་ཚེ་འདས་མི་གྲངས་ཡར་འཕར་སྲིད་པར་བཤད། 

དབྱི་སི་རལ་དམག་དཔུང་གིས་དེའི་ཐད་ལ་ལན་ཅི་ཡང་བཏབ་མེད་པ་རེད། 

ཚེས12ཉིན། ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་འདུ་རབས་གསར་བ་བྱུང་པ་ནས་བཟུང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་བྱ་སྤྱོད་སྤེལ་བ་ལས་ཕ་ལེ་སི་ཐན་གྱི་མི་ཁྲི4.5རྐྱེན་ལམ་དུ་ཤོར་བ་དང་མི་ཁྲི10.6ལྷག་ལ་རྨས་སྐྱོན་ཐེབས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号