སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀེར་མཚན་སྡོམ་མེད་པར་བཟོས་པ།
མིག་སྔར་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀེ་ཚོད་འཛིན་བྱེད་མཁན་ཧྲ་མུའུ་བཅིངས་འགྲོལ་སྒྲིག་འཛུགས་ཀྱིས་ཚེས11ཉིན་གསལ་བསྒྲགས་སྤེལ་ནས། རྒྱལ་ས་ཏ་མ་ཧྲི་ཀེར་མཚན་སྡོམ་མེད་པར་བཟོ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་དུས་མཚུངས། སི་རི་ཡའི་མི་དམངས་ལས་གནས་ཐོག་བསྐྱར་དུ་ལོག་རྒྱུའི་རེ་འབོད་བྱས། སི་རི་ཡའི་བར་བརྒལ་སྲིད་གཞུང་གི་ལྟ་སྲུང་ཙུང་ལི་མུའུ་ཧན་མུ་ཏེ་པཱ་ཤིའར་ཡིས་ཉིན་དེར་ཕྱི་རྒྱལ་དུ་ཡོད་པའི་སི་རི་ཡའི་མི་ཚང་མ་རྒྱལ་ནང་དུ་ལོག་རྒྱུའི་རེ་འབོད་བྱས་པ་དང་སྦྲགས། སྤྱི་དམངས་ཚང་མ་སྲུང་སྐྱོབ་བྱ་རྒྱུའི་ཁས་བླངས།
ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་སོགས་གསར་འགྱུར་ཚན་པའི་བསྡོམས་རྩིས་ལ་གཞིགས་ན། ཉིན་འདི་འགའི་ནང་། དབྱི་སི་རལ་དམག་གིས་རྒྱལ་ས་ཏ་མ་ཧྲི་ཀེ་ཚུད་པའི་སི་རི་ཡའི་ས་གནས་ཁག་ལ་འཇབ་རྒོལ་ཐེངས500བྱས། དབྱི་སི་རལ་རྒྱལ་སྲུང་དམག་གིས་ཚེས་11ཉིན། འདས་ཟིན་པའི་ཆུ་ཚོད48ཡི་ནང་སི་རི་ཡའི་འཐབ་ཇུས་མཚོན་ཆའི་མཛོད་ཁང་མང་ཆེ་བར་རྡུང་རྡེག་བཏང་བ་དང་སྦྲགས། དབྱི་སི་རལ་དང་སི་རི་ཡའི་གནས་སྐབས་ས་མཚམས་ཀྱི་དམག་དོན་ཞི་ལྷོད་ཁུལ་དང་དེ་བཞིན་སི་རི་ཡའི་ས་ཁོངས་སུ་སྟོང་ཤོག་རིམ་པའི་དམག་དཔུང4བཀོད་སྒྲིག་བྱས་པ་དང་། ཉེན་ཁར་འགོག་སྲུང་དང་མེད་པ་བཟོ་ཟེར་བའི་བྱ་སྤྱོད་སྤེལ་ནས་སི་རི་ཡའི་ཐན་ཁེ་མང་པོ་དང་མཚོན་ཆ་འབོར་ཆེན་འཕྲོག་ཅེས་བཤད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས11ཉིན་གསར་འགོད་པའི་ཚོགས་འདུའི་ཐོག དབྱི་སི་ཡལ་དྲག་ཆས་དམག་དཔུང་གིས་སི་རི་ཡར་བྱ་སྤྱོད་སྤེལ་བ་དེས་སི་རི་ཡའི་གནས་བབ་སྔར་བས་ཟང་ཟིང་དུ་བཏང་ཡོད་ཅེས་བཤད། ཨེ་ཅེབ་ཕྱི་འབྲེལ་པུའུ་ཡིས་ཚེས11ཉིན་གསལ་བསྒྲགས་སྤེལ་ཏེ་དབྱི་སི་རལ་གྱིས་སྒྲིག་འཛུགས་ཡོད་པའི་སྒོ་ནས་སི་རི་ཡའི་ས་ཁོངས་ནང་གི་རྨང་གཞིའི་སྒྲིག་བཀོད་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བཤད།
དབྱི་རན་གྱི་ཆེས་མཐོའི་འགོ་འཛིན་ཧ་མེ་ནེ་ཡིས་ཚེས11ཉིན་སི་རི་ཡའི་གནས་བབ་ཐད་ལ་གསལ་བསྒྲགས་ཐོག་མ་སྤེལ་ཞིང་། སི་རི་ཡའི་གནད་དོན་གྱི་ཇུས་འགོད་པ་གཙོ་བོ་ནི་ཨ་རི་དང་དབྱི་སི་རལ་རེད་ཅེས་བསྟན་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུག་ཡིག་སི་རི་ཡའི་གནད་དོན་གྱི་ཆེད་བཀོད་ཕོ་ཉ་ཕེ་ཁའེ་རུའུ་ཡིས་ས་གནས་དེ་གའི་དུས་ཚོད་ཚེས11ཉིན། སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་ངེས་པར་དུ་ཁོག་ཡངས་རང་བཞིན་མངོན་འགྱུར་ཐུབ་རྒྱུར་འབད་བརྩོན་བྱས་ནས་ནང་ཟིང་གསར་པ་ཐོན་རྒྱུ་བཀག་འགོག་བྱ་དགོས་ཞེས་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注