མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་སི་རི་ཡའི་བདག་དབང་ལ་ཁྱབ་རྒྱ་ཆེ་བའི་བཙན་འཛུལ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

ཚེས12ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་མགྲིན་ཚབ་པ་ཏི་ཡ་ལི་ཁི་བརྒྱུད་དེ་གསལ་བསྒྲགས་སྤེལ་ནས། སི་རི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་ཉེ་ལམ་ཁྱབ་རྒྱ་ཆེ་བའི་བཙན་འཛུལ་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་པར་མ་ཟད། ལྷག་པར་དབྱི་སི་རལ་གྱིས་སི་རི་ཡར་བར་སྣང་འཇབ་རྒོལ་ཐེངས་བརྒྱ་ལྷག་བྱས་པའི་ཐད་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན།

གསལ་བསྒྲགས་ལས་བཤད་རྒྱུར། 1974ལོར་མིང་རྟགས་བཀོད་པའི་དམག་དཔུང་ཁ་བྲལ་འབྲེལ་འདྲིས་གྲོས་ཆོད་སྔར་བཞིན་ནུས་ལྡན་ཡིན། ཀུའུ་ཐི་ལེ་སི་ཡིས་གྲོས་ཆོད་དེར་རྒྱལ་འགལ་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་བཏང་ཞིང་། གྲོས་ཆོད་ཕྱོགས་སོ་སོས་འབྲེལ་ཡོད་འོས་འགན་ལག་བསྟར་བྱེད་པ་དང་། ལོགས་བཀར་ཁུལ་གྱི་དབང་ཆ་བསྩལ་མེད་པའི་གནས་སྡོད་ཡོད་ཚད་མཇུག་སྒྲིལ་ནས་ཀི་ལན་མཐོ་སའི་དམག་འཁྲུག་མཚམས་འཇོག་པ་དང་བརྟན་འཇགས་སུ་གཏོང་བའི་འགུལ་སྐྱོད་ལ་གཏོར་བརླགས་གཏོང་བའི་བྱ་སྤྱོད་ཅི་རིགས་དང་གཡོལ་ཐབས་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། མགྱོགས་མྱུར་འགྱུར་ལྡོག་འབྱུང་བཞིན་པའི་དུས་སྐབས་འདིར། སི་རི་ཡའི་སྤྱི་བའི་སྒྲིག་རིམ་སྲུང་འཛིན་བྱེད་པའི་དུས་མཉམ་དུ། དགོས་གལ་ཆེ་བ་ཞིག་ནི་སི་རི་ཡར་རྒྱབ་སྐྱོར་བྱེད་པའི་ཡིད་རྟོན་རུང་ཞིང་གོ་རིམ་ཡོད་པ། བཟོད་སྒོམ་བྱེད་པའི་བར་བརྒལ་བཀོད་སྒྲིག་བྱ་རྒྱུ་དེ་ཡིན།

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས12ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། འདས་པའི་ཉིན་འགའི་ནང་། དབྱི་སི་རལ་གྱི་མཁའ་སྲུང་དམག་དཔུང་གི་དམག་འཐབ་གནམ་གྲུ་དང་གནམ་གྲུ་གཞན་པ་བརྒྱ་ཕྲག་ལྷག་གིས་མཉམ་དུ་ཕར་རྒོལ་བྱས་ཏེ། སི་རི་ཡའི་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་པའི་མཚོན་ཆའི་མ་ལག་ལ་རྡུང་རྡེག་དྲག་པོ་བཏང་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号