ཐུར་ཁེ་ཡི་སི་རི་ཡར་སྡོད་པའི་གཞུང་ཚབ་ཁང་ཆེན་མོའི་གནས་སྐབས་ལས་ཚབ་པ་བསྐོ་གཞག་བྱས།
ཚེས12ཉིན། ཐུར་ཁེའི་ཨ་ན་ཏུའོ་ལུའུ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མོ་རི་ཐ་ནི་ཡར་སྡོད་པའི་རྒྱལ་ཁབ་དེའི་གཞུང་ཚབ་ཆེན་མོ་པུར་ཧན·ཁོ་ཨེར་ཨའོ་ལུའུ་ཉིན་དེར་སི་རི་ཡར་སྡོད་པའི་གཞུང་ཚབ་ཁང་ཆེན་མོའི་གནས་སྐབས་ལས་ཚབ་པར་བསྐོ་གཞག་བྱས་པ་རེད།
གནས་ཚུལ་སྤེལ་བ་ལྟར་ན། བསྐོ་གཞག་དེ་ནི་ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཏན་གྱིས་བྱས་པ་ཞིག་རེད། འོན་ཀྱང་གནས་ཚུལ་སྤེལ་བ་ལྟར་ན། ཁོ་ཨེར་ཨོ་ལུའུ་ཡིས་དུས་ནམ་ཞིག་ལ་ལས་འགན་འཁུར་རྒྱུ་དང་དེ་མིན་གནས་སྐབས་ལས་ཚབ་པའི་འགན་འཁུར་རྒྱུའི་དུས་བཀག་བཀོད་མེད་པ་རེད།
གཞན་ཡང་གནས་ཚུལ་སྤེལ་བ་ལྟར་ན། ཕེ་ཏན་དང་ཐུར་ཁེའི་རྒྱལ་ཁབ་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཁ་ལིན་ཉིན་དེར་སི་རི་ཡའི་རྒྱལ་ས་ཏ་མ་ཧྲི་ཀི་རུ་འབྱོར་ནས་སི་རི་ཡའི་བར་བརྒལ་སྲིད་གཞུང་གི་ལྟ་སྲུང་ཙུང་ལི་མུའུ་ཧན་མོ་ཏི·པ་ཞིར་དང་གྲོས་མོལ་བྱས་པ་རེད།
2011ལོར་སི་རི་ཡའི་ནང་འཁྲུག་ལངས་རྗེས་རྒྱལ་ཁབ་དེའི་བདེ་འཇགས་གནས་བབ་ཇེ་ཞན་དུ་སོང་ཡོད། 2012ལོའི་ཟླ3པར་ཐུར་ཁེ་ཡི་སི་རི་ཡར་སྡོད་པའི་གཞུང་ཚབ་ཁང་གི་སྒོ་བརྒྱབ་པ་རེད།
ཉེ་ལམ། སི་རི་ཡའི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས། “སི་རི་ཡའི་ཧྲ་མུའུ་བཅིངས་འགྲོལ་དྲག་ཆས་པས”ཚེས8ཉིན“ཏ་མ་ཧྲི་ཀི་བཅིངས་འགྲོལ་བཏང་བ་དང་འབྲེལ་ཨ་ས་ཏི་སྲིད་དབང་དོར་བ”ཁྱབ་བསྒྲགས་བྱས་པ་དང་། དེ་བཞིན་མཚན་འགྲུལ་བཀག་འགོག་བྱས་པ་དང་སི་རི་ཡའི་བར་བརྒལ་སྲིད་གཞུང་གིས་ཚེས10ཉིན་དབང་ཆ་དངོས་སུ་རྩིས་ལེན་བདག་སྤྲོད་བྱས་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注