ཨུ་རི་སིས་ཨ་མེ་རི་ཁའི་བར་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་འབྲེལ་འདྲིས་བྱེད་པར་འཐད་པའི་ཚུལ་བསྟན།

ཨུ་རི་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧ་ལོ་ཝ་ཡིས་ཚེས11ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་ཐོག་ཏུ་བཤད་རྒྱུར། ཨུ་རི་སིས་ཨ་མེ་རི་ཁ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་འབྲེལ་འདྲིས་བྱེད་པར་འཐད་པ་ཡིན་ཡང་། མིག་སྔར་གསར་དུ་བདམས་ཐོན་བྱུང་བའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དཔུང་ཁག་གིས་བཏོན་པའི་གཟབ་ནན་གྱི་བསམ་ཚུལ་ཅི་ཡང་འབྱོར་མེད་ཟེར།

ཀྲ་ཧ་ལོ་ཝ་ཡིས་བཤད་རྒྱུར། འགལ་བ་ཐག་གཅོད་བྱེད་པའི་ཐབས་ལམ་ངོ་མ་དེ་ཨུ་རི་སིའི་ཙུང་ཐུང་ཕུའུ་ཅིན་གྱི་དེའི་སྔོན་བཏོན་པའི་ཇུས་གཞི་དང་མཐུན་དགོས་པར་འདོད། ཕུའུ་ཅིན་གྱིས་ཟླ་དྲུག་པའི་ནང་བསྟན་དོན། ཝུའུ་ཁི་ལན་གྱི་དམག་དཔུང་ཏུན་ཉི་ཚི་ཁི་དང་། ལུའུ་ཀན་སི་ཁི། ཀྲ་པོ་ལོ་རི། ཧི་ཨར་སུང་སོགས་ས་ཁུལ་ནས་ཕྱིར་འཐེན་བྱེད་པ་དང་། བྱང་ཆིངས་དུ་མི་ཞུགས་པ་ཁྱབ་བསྒྲགས་བྱས་པ་ཡིན་ན། ཨུ་རི་སི་ཕྱོགས་ཀྱིས་དུས་ཚོད་དང་པོའི་ནང་དམག་འཁྲུག་མཚམས་བཞག་ནས་གྲོས་མོལ་གྱི་མགོ་རྩོམ་པ་ཁྱབ་བསྒྲགས་བྱེད་ངེས་ཡིན་ཟེར། ཀྲ་ཧ་ལོ་ཝ་ཡིས་གལ་ཏེ་ཨ་མེ་རི་ཁ་ཕྱོགས་ཀྱིས་དོན་ངོ་མར་འགལ་བ་མཇུག་སྒྲིལ་དུ་འཇུག་འདོད་ན། ཝུའུ་ཁི་ལན་ཕྱོགས་ལ་ས་ཁུལ་དེ་བཞི་ནས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་རེ་བ་འདོན་དགོས་ཟེར།

ཀྲ་ཧ་ལོ་ཝ་ཡིས་ད་དུང་བཤད་རྒྱུར། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙི་ལེན་སི་ཅི་ཡིས་ཉེ་ལམ་བསྟན་དོན། ཞི་བདེ་མངོན་འགྱུར་བྱེད་རྒྱུ་ནི་ཝུའུ་ཁི་ལན་གྱིས་སྔོན་ལ་འཇོག་པའི་ལས་དོན་ཅིག་མིན་པར་འདོད། ཙི་ལེན་སི་ཅི་ཡིས་ཉེ་སྔོན་བདེ་འཇགས་ལ་འགན་སྲུང་མེད་པའི་གནས་ཚུལ་འོག་ཏུ། ཝུའུ་ཁི་ལན་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཞི་བདེའི་གྲོས་ཆོད་ལ་མིང་རྟགས་མི་འགོད་པ་བསྐྱར་སྒྲོག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号