སུའུ་ཏན་གྱི་རྒྱལ་སའི་སྣུམ་སྣོན་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ནས་མི28རྐྱེན་ལམ་དུ་ཤོར་བ་དང་མི37ལ་རྨས་ཕོག

ཚེས8ཉིན། སུའུ་ཏན་ས་གནས་རྩ་འཛུགས“ལྷོ་ཕྱོགས་འཕྲལ་སྡོམ་ལྟེ་གནས”ཀྱིས་རྒྱལ་ས་ཁར་ཐུམ་ལྷོ་རྒྱུད་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ལ་ཉིན་དེར་འཇབ་རྒོལ་ཐེབས་ནས་མི28རྐྱེན་ལམ་དུ་ཤོར་བ་དང་མི37ལ་རྨས་ཕོག་ཡོད་ཟེར།

“ལྷོ་ཕྱོགས་འཕྲལ་སྡོམ་ལྟེ་གནས”ནི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་མཁན་སུའུ་ཏན་གྱི་གཞོན་ནུའི་དང་བླངས་ཚོགས་པ་ཞིག་ཡིན་ཞིང་།   རྩ་འཛུགས་དེས་ཉིན་དེར་གསལ་བསྒྲགས་སྤེལ་ནས་འཇབ་རྒོལ་ཐེབས་པའི་སྣུམ་སྣོན་ས་ཚིགས་དེ་ཁར་ཐུམ་ལྷོ་རྒྱུད་ཀྱི་མེ་ཨའོ་ས་ཁུལ་གྱི་ཁྲོམ་ར་ཞིག་ཏུ་ཡོད་པ་དང་། རྨས་སྐྱོན་ཕོག་མཁན་མང་ཆེ་བ་འཚིག་རྨས་བྱུང་བའི་ནང་ནས་མི3ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཟེར།

མིག་སྔར་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཡིན་ཞེས་རྩ་འཛུགས་སམ་ཡང་ན་མི་སྒེར་གང་ཞིག་གིས་ཀྱང་བཤད་མེད།

2023ལོའི་ཟླ4པའི་ཚེས15ཉིན།  སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་བར་ཁར་ཐུམ་དུ་གདོང་ཐུག་དྲག་པོ་བྱུང་ནས་དམག་འཁྲུག་གི་མེ་ལྕེ་དེ་རྗེས་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་དེའི་ཁྲོད་དུ་སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་བདུན་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་མི་བྱེ་བ་གཅིག་དང་ས་ཡ་གཉིས་ཙམ་ཡུལ་གྱར་བར་གྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号