སི་རི་ཡའི་སྲིད་གཞུང་དམག་གིས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཏེ་ལ་ཞིང་ཆེན་དང་སུའུ་ཝེ་ཏ་ཞིང་ཆེན་དུ་ཡང་བསྐྱར་དམ་དཔུང་བཀོད་སྒྲིག་བྱས།

ཚེས7ཉིན། སི་རི་ཡའི་དམག་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ནས་སི་རི་ཡའི་སྲིད་གཞུང་དམག་གིས་སི་རི་ཡའི་ལྷོ་རྒྱུད་ཀྱི་ཏེ་ལ་ཞིང་ཆེན་དང་སུའུ་ཝེ་ཏ་ཞིང་ཆེན་དུ་ཡང་བསྐྱར་དམག་དཔུང་བཀོད་སྒྲིག་བྱས་པ་དང་། ས་ཁུལ་དེ་གཉིས་སུ་འགོག་སྲུང་འཛིང་རགས་དང་བདེ་འཇགས་ཉེན་ཟོན་ས་ཐིག་བཟོས་ཡོད་ཟེར།

གཞན་ཡང་སི་རི་ཡའི་དམག་ཕྱོགས་ཀྱིས་ཚེས7ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་གཞུང་དམག་གིས་ཉིན་དེར་ས་ངོས་ཀྱི་མེ་ཤུགས་ལ་བརྟེན་ནས་ཧ་མ་ཞིང་ཆེན་དང་ཧའོ་མུའུ་སི་ཞིང་ཆེན་གྱི་གྲོང་གསེབ་ས་ཁུལ་དུ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཐལ་སྐྱོད་རྩ་འཛུགས་ཀྱི་མི་སྣའི་སྡོད་ཡུལ།  ཁ་གསབ་ལམ་ཐིག་བཅས་ལ་རྡུང་རྡེག་དྲག་པོ་བཏང་བ་རེད། གཞན་ཡང་སི་རི་ཡའི་མཁའ་དམག་དང་ཨུ་རུ་སིའི་མཁའ་དམག་གིས་ད་དུང་ཧའོ་མུའུ་སི་ཞིང་ཆེན་གྱི་བྱང་ཤར་རྒྱུད་ཀྱི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་རྟེན་གཞིར་མཁའ་རྒོལ་བྱས་ཏེ། ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་དང་ཐལ་སྤྱོད་རྩ་འཛུགས་ཀྱི་མི་སྣ་བཅུ་ལྷག་ཙམ་བསད་པ་དང་རླངས་འཁོར་གྱི་རིགས་དང་གོ་མཚོན་སྒྲིག་ཆས་ཁག་ཅིག་རྩ་གཏོར་བྱས་ཡོད་པ་རེད།

སི་རི་ཡའི་གནས་བབ་ལ་མྱུར་དུ་འགྱུར་ལྡོག་བྱུང་ཡོད། གཟའ་འཁོར་གཅིག་ཙམ་གྱི་དུས་ཚོད་ནང་ངོ་རྒོལ་ཕྱོགས་ཀྱི་དྲག་ཆས་མི་སྣ་དང་ཐལ་སྐྱོད་རྩ་འཛུགས་ཀྱིས་སྔ་རྗེས་སུ་སི་རི་ཡའི་བྱང་རྒྱུད་ཀྱི་གྲོང་རྡལ་གཙོ་བོ་ཨ་ལེ་ཕོ་དང་གྲོང་ཁྱེར་ཆེ་གྲས་བཞི་པ་ཧ་མ་བླངས་པ་རེད། སི་རི་ཡའི་ལྷོ་རྒྱུད་ཀྱི་ཏེ་ལ་ཞིང་ཆེན་དང་ཤར་རྒྱུད་ཀྱི་ཏའེ་འར་ཙུའུ་འར་ཞིང་ཆེན་གྱི་གནས་ཚུལ་ཧ་ཅང་ཛ་དྲག་ཆེ།  སྤྱི་ཁྱབ་པུའུ་དབྱིན་ཇིར་ཡོད་པའི“སི་རི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་རྩ་འཛུགས”ཀྱིས་ཚེས6ཉིན་ཅུང་འགོར་ནས་བཤད་རྒྱུར།  ས་གནས་དྲག་ཆས་ཀྱིས་ཏེ་ལ་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཏེ་ལ་གྲོང་ཁྱེར་དང་བཅས་པའི་ས་ཁུལ་དེ་ལས་མང་པོ་ཚོད་འཛིན་བྱས་ཡོད་ཟེར།

ཟླ11པའི་ཚེས27ཉིན་ནས་བཟུང་། སི་རི་ཡ་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་དང་། དེ་མིན་ཐལ་སྐྱོད་རྩ་འཛུགས་ཀྱི་མི་སྣས་མུ་མཐུད་དུ་སི་རི་ཡའི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་དམག་འཁྲུག་རྒྱག་བཞིན་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号