མཱ་ཁི་ལུང་གིས་ཐི་ལང་ཕུའུ་དང་ཙེ་ལན་སི་ཅི་དང་ཕྱོགས་གསུམ་གྱི་གྲོས་མོལ་བྱས།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས7ཉིན་ཨེ་ལི་ཧྲེའི་ཕོ་བྲང་དུ་གདན་ཞུས་ལྟར་ཕ་རི་སིའི་འཕགས་མའི་ལྷ་ཁང་གི་སྒོ་བསྐྱར་དུ་འབྱེད་པའི་མཛད་སྒོར་ཞུགས་མཁན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལུང་ཕུའུ་དང་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལན་སི་ཅི་དང་ཕྱོགས་གསུམ་གྱི་གྲོས་མོལ་བྱས།    

ཉིན་དེའི་ཕྱི་དྲོར་ཐི་ལང་ཕུའུ་སྔོན་ལ་ཨེ་ལི་ཧྲེའི་ཕོ་བྲང་དུ་ཕེབས་ནས་མཱ་ཁི་ལུང་དང་གྲོས་མོལ་བྱས་པ་དང་། དེའི་རྗེས་ཙེ་ལན་སི་ཅི་གནས་དེར་འབྱོར་ནས་གྲོས་མོལ་ལ་ཞུགས་པ་རེད། ཕྱོགས་གསུམ་གྱི་གྲོས་མོལ་དེ་སྐར་མ35ཙམ་ལ་བྱས། 

མཱ་ཁི་ལུང་གིས་ཐུག་འཕྲད་བྱས་རྗེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཕྱོགས་གསུམ་པོ་ཕ་རི་སིའི་འཕགས་མའི་ལྷ་ཁང་གི་ཆེད་དུ་མཉམ་དུ་འཛོམས་པ་དང་། “ང་ཚོས་མུ་མཐུད་དུ་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་དུ་ཐུན་མོང་གི་བྱ་སྤྱོད་སྤེལ་དགོས”ཞེས་འཁོད་ཡོད།    

ཙེ་ལན་སི་ཅི་ཡིས་ཀྱང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ངས་ཐི་ལང་ཕུའུ་དང་མཱ་ཁི་ལུང་དང“བཟང་ཞིང་ཕན་འབྲས་ལྡན་པའི”གྲོས་མོལ་བྱས་པ་དང་། “ང་ཚོ་ཚང་མས་མགྱོགས་མྱུར་དང་གཞུང་དྲང་ངང་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་རེ་བ་བཅངས་ཡོད”ཟེར།    

ཚེས7ཉིན་གྱི་དགོང་མོར། ཧྥ་རན་སི་ཡིས་སའེ་ན་གཙང་བོའི་འགྲམ་དུ་གནས་པའི་ཕ་རི་སིའི་འཕགས་མའི་ལྷ་ཁང་དུ་མཛད་སྒོ་བསྡུས་ནས2019ལོར་མེ་སྐྱོན་ཤོར་བའི་ཕ་རི་སིའི་འཕགས་མའི་ལྷ་ཁང་དེ་ལོ་ལྔའི་རིང་ཉམས་གསོ་བྱས་རྗེས་བསྐྱར་དུ་སྒོ་ཕྱེས་པར་རྟེན་འབྲེལ་ཞུས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号