མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉས་སི་རི་ཡའི་དམག་འཁྲུག་གི་རིམ་པ་ཇེ་དམའ་རུ་གཏོང་རྒྱུའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཕེ་ཁའེ་རུའུ་ཡིས་ཚེས7ཉིན་ཁ་ཐར་གྱི་རྒྱལ་ས་ཏོ་ཧ་རུ་ཕྱོགས་སོ་སོས་སེམས་རྣལ་དུ་ཕབ་ནས་སི་རི་ཡའི་དམག་འཁྲུག་གི་རིམ་པ་ཇེ་དམའ་རུ་གཏོང་རྒྱུའི་འབོད་སྐུལ་བཏང་།

ཕེ་ཁའེ་རུའུ་ཡིས་ཉིན་དེར་ཏོ་ཧའི་གླེང་སྟེགས་ཀྱི་བར་གསེང་དུ་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡའི་གནས་བབ་གློ་བུར་དུ་འགྱུར་བཞིན་ཡོད་པས། ཁོས་སུའེ་ཙེར་གྱི་རི་ནེ་ཝ་རུ་ཛ་དྲག་གི་ཆབ་སྲིད་ཚོགས་འདུ་བསྡུས་ནས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2254པ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་འབོད་སྐུལ་བཏང་བ་ཡིན་ཟེར།

ཕེ་ཁའེ་རུའུ་ཡིས་བསྟན་དོན། ཉིན་དེར་ཁོས་དབྱི་ལང་དང་། ཨུ་རུ་སི། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་པུའུ་ཀྲང་དང་གྲོས་མོལ་བྱས་པར་མ་ཟད་ཨ་མེ་རི་ཁ་དང་། ཧྥ་རན་སི། དབྱིན་ཇི། འཇར་མན་སོགས་རྒྱལ་ཁབ་ཀྱི་འཐུས་མི་དང་གྲོས་མོལ་བྱས་ཡོད། ཕྱོགས་སོ་སོ་ཛ་དྲག་ཚོགས་འདུ་འཚོགས་རྒྱུར་མོས་མཐུན་ཡོད་ལ། མགྱོགས་མྱུར་ངང་ཚོགས་འདུ་བསྡུ་བའི་དུས་ཚོད་ཁྱབ་བསྒྲགས་བྱ་རྒྱུའི་རེ་བ་ཡོད་ཟེར། 

ཟླ11པའི་ཚེས27ཉིན་ནས་བཟུང་སི་རི་ཡའི་སྲིད་གཞུང་དམག་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་ཐལ་སྤྱོད་རྩ་འཛུགས་ཀྱིས་སི་རི་ཡའི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་མུ་མཐུད་དུ་གཞི་ཁྱོན་ཆེ་བའི་འཐབ་རྩོད་བྱས་པས་སི་རི་ཡའི་གནས་བབ་ཛ་དྲག་ཏུ་ཕྱིན་ཡོད། 2011ལོར་སི་རི་ཡའི་ནང་འཁྲུག་འགོ་བརྩམས་པ་དང་། 2015ལོའི་ཟླ12པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང2254པར་གྲོས་འཆམ་བྱུང་ནས་སི་རི་ཡའི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་རྩ་དོན་གཙོ་བོ་དང་། དུས་ཚོད་སྒྲོམ་གཞི། ལམ་རིས་བཅས་གཏན་འཁེལ་བྱས་ཡོད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号