སུའུ་ཏན་དབུས་རྒྱུད་ཀྱི་གྲོང་ཚོ་མང་པོ་ཞིག་ལ་འཇབ་རྒོལ་ཐེབས་ནས་མི12རྐྱེན་ལམ་དུ་ཤོར།
སུའུ་ཏན་དབུས་རྒྱུད་ཀྱི་ཅེ་ཅི་ལ་མངའ་སྡེའི་དམངས་ཁྲོད་རྩ་འཛུགས་ཀྱིས་ཚེས5ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཚེས4དང5ཉིན་མངའ་སྡེ་དེའི་གྲོང་ཚོ་མང་པོར་ཕར་རྒོལ་བྱས་ནས་མི་སེར12རྐྱེན་ལམ་དུ་ཤོར་ཡོད་པ་རེད།
ཚེས5ཉིན་དམངས་ཁྲོད་རྩ་འཛུགས“ཅེ་ཅི་ལའི་ཚོགས་འདུའི”སྟེང་གསལ་བསྒྲགས་སྤེལ་ནས། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་ཚེས4ཉིན་གྱི་ཕྱི་དྲོ་དང་ཚེས5ཉིན་གྱི་ཐོ་རེངས་དུས་སུ། ཅེ་ཅི་ལ་མངའ་སྡེ་ཡི་ལྷོ་རྒྱུད་ཀྱི་གྲོང་ཚོ་བཞི་ལ་ཕར་རྒོལ་བྱས་པས་མི་སེར9རྐྱེན་ལམ་དུ་ཤོར་བ་རེད། གཞན་ཡང་དམངས་ཁྲོད་རྩ་འཛུགས“དབུས་རྒྱུད་ཀྱི་འབོད་སྒྲའི”ཚེས5ཉིན་གསལ་བསྒྲགས་གཉིས་སྤེལ་བ་ལྟར་ན། ཅེ་ཅི་ལ་མངའ་སྡེའི་ལྷོ་རྒྱུད་ཀྱི་གྲོང་ཚོ་གཉིས་ཀྱི་མི་སེར3རྐྱེན་ལམ་དུ་ཤོར་བ་དང་མི25ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཚེས5ཉིན་སུའུ་ཏན་དྲག་ཆས་དཔུང་སྡེ་དང་ས་གནས་དྲག་ཆས་སྟོབས་ཤུགས་ལས་གྲུབ་པའི་མཉམ་འབྲེལ་དཔུང་སྡེ་ཡིས་སྤྱི་ཚོགས་སྨྱན་བྱད་བརྒྱུད་ནས་ཅེ་ཅི་ལ་མངའ་སྡེའི་ཤར་རྒྱུད་ཀྱི་ས་ཁུལ་ཞིག་རྦད་དེ་ཚོད་འཛིན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས།
སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་དེའི་ཐད་ལ་ལན་ཅི་ཡང་བཏབ་མེད།
ན་ནིང་ཟླ12པར་སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་ཅེ་ཅི་ལ་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ཝ་ཏེ་མའེ་ཏ་ཉི་ནས་ཕྱིར་འཐེན་བྱས་རྗེས། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་ཡིས་མངའ་སྡེ་དེ་ཚོད་འཛིན་བྱས་པ་རེད། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་མངའ་སྡེ་དེར་ཚོད་འཛིན་བྱེད་པའི་དབང་ཆ་འཕྲོག་རྩོད་བྱས་ནས་ཐེངས་མང་པོར་འཁྲུག་རྩོད་བྱས་པ་རེད།
2023ལོའི་ཟླ4བའི་ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེ་བར་རྒྱལ་ས་ཁར་ཐུམ་དུ་གདོང་ཐུག་དྲག་པོ་བྱུང་རྗེས་དམག་འཁྲུག་གི་མེ་ལྕེ་དེ་རིམ་བཞིན་ས་ཁུལ་གཞན་དུ་མཆེད་པ་རེད། ལོ་གཅིག་ལྷག་ཙམ་རྒྱུན་མཐུད་པའི་དྲག་ཆས་གདོང་ཐུག་དེའི་དབང་གིས་ སུའུ་ཏན་གྱི་མི་ཁྲི་གཉིས་དང་སྟོང་བདུན་དང་བརྒྱ་ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི་བྱེ་བ་གཅིག་དང་ས་ཡ་གཉིས་ཙམ་ཡུལ་གྱར་བར་གྱུར་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注