ཀྲུང་གུང་འཐུས་ཚབ་ཚོགས་པས་མཱ་ལ་ཝེར་འཚམས་འདྲི་གནང་།

ཟླ12པའི་ཚེས1ཉིན་ནས་ཚེས3ཉིན་བར། མཱ་ལ་ཝེ་ཡི་ཚོགས་ཆེན་ཏང་གིས་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན། ཧུའུ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧྲིན་ཞའོ་མེན་གྱིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་ནས་མཱ་ལ་ཝེར་འཚམས་འདྲི་བྱས་པ་དང་། སོ་སོར་ཚོགས་ཆེན་ཏང་གི་ཀྲུའུ་ཞི་དང་ཙུང་ཐུང་ཁྲ་ཁི་ཝེ་ལཱ། ཙུང་ཐུང་ཟུར་པ་ཆའོ་དབྱི་སི་པན་ཏཱ། ས་གནས་སྲིད་གཞུང་གི་པུའུ་ཀྲང་ཁྲ་ཏི་པན་ཏཱ་བཅས་ལ་ཐུག་འཕྲད་བྱས་ཤིང་། མཱ་ལཱ་ཝེ་ཡི་གཏེར་ལས་པུའུ་དང་ཚད་གཞི་ཅུའུ་ཡི་འགན་ཁུར་མི་སྣ་དང་བརྗེ་རེས་བྱས་ཏེ། མ་ལཱ་ཝེ་དང་ཀྲུང་གོའི་དངུལ་གཏོང་ཁེ་ལས་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཧུའུ་ནན་དང་མ་ལཱ་ཝེའི་མཉམ་ལས་ཀྱི་འབྲེལ་ཡོད་མཆད་འགོད་མཛད་སྒོར་ཞུགས།

ཕྱོགས་གཉིས་ཀྱིས་བསྟན་དོན།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཏང་བར་འགྲོ་འོང་ཟབ་མོ་བྱེད་ཅིང་། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མཱ་ལ་ཝེའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号