སུ་རུ་ཡའི་དམག་ཕྱོགས་ཀྱིས་ཉུང་མཐར་ཡང་ངོ་རྒོལ་ཤོག་ཁག་གི་དྲག་ཆས་དང་ཐལ་སྐྱོད་རྩ་འཛུགས་ཀྱི་མི་སྣ300ལྷག་བསད་པར་བཤད།

ཟླ12པའི་ཚེས4ཉིན། སི་རི་ཡའི་དམག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྲིད་གཞུང་དམག་གིས་ཉིན་དེར་དབུས་རྒྱུད་ཀྱི་ཧ་མ་ཞིང་ཆེན་དུ་ཡོད་པའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་དང་ཐལ་སྐྱོད་རྩ་འཛུགས་ཀྱི་མི་སྣ་ཉུང་མཐར་ཡང300བསད་པ་དང་མི་མེད་གནམ་གྲུ25ལྷག་གཏོར་བར་བཤད། 

སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པ་ནས་བཟུང་སི་རི་ཡ་སྲིད་གཞུང་དམག་གིས་ས་ངོས་ཀྱི་དྲག་ཤུགས་དང་དམག་འཐབ་གནམ་གྲུ་བཀོལ་ནས་ཧ་མ་ཞིང་ཆེན་བྱང་རྒྱུད་དུ་ཡོད་པའི་ངོ་རྒོལ་ཤོག་ཁག་གི་དྲག་ཆས་ལ་མུ་མཐུད་ནས་རྡུང་རྡེག་བཏང་ཞིང་། རྐྱེན་ལམ་དུ་ཤོར་བའི་དྲག་ཆས་མི་སྣ་ཁྲོད་ཕྱི་རྒྱལ་བ་ཡང་ཚུད་ཡོད། 

ཚེས4ཉིན། སི་རི་ཡའི་སྨྱན་སྦྱོར"ཧྲ་མུའུ་སྒྲ་ཟློས"སྟེང་སྤེལ་བའི་གནས་ཚུལ་ལྟར་ན། སི་རི་ཡ་སྲིད་གཞུང་དམག་གིས་ཧ་མ་ཞིང་ཆེན་གྱི་བྱང་རྒྱུད་དང་ནུབ་བྱང་རྒྱུད། བྱང་ཤར་རྒྱུད་བཅས་འཐབ་ཕྱོགས་གསུམ་ཀ་ནས་ངོ་རྒོལ་ཤོག་ཁག་གི་དྲག་ཆས་བར་མུ་མཐུད་དུ་དམག་འཁྲུག་བརྒྱབ་པ་རེད། སྨྱན་སྦྱོར་དེས་ད་དུང་སི་རི་ཡའི་བྱང་རྒྱུད་ཀྱི་གྲོང་ཁྱེར་ཆེ་ཤོས་ཨ་ལེ་པོའི་གྲོང་མིའི་སྐད་ཆ་དྲངས་ནས་བཤད་རྒྱུར། ཐོབ་ཐང་གསལ་པོ་མི་ཤེས་པའི་དྲག་ཆས་པས་གྲོང་ཁྱེར་དེའི་གྲོང་མིའི་སྡོད་ཁུལ་ཁག་གཅིག་ལ་ལྐོག་རྐུ་བྱས་ཤིང་། ཨ་ལེ་ཕོ་གྲོང་ཁྱེར་ཉེ་འཁོར་དུ་མཚམས་རེར་འཕྲིན་གཏོང་ཆད་སྟབས། དངུལ་ཁང་དང་དངུལ་ལོར་བརྗེ་ས་ཚུད་པའི་དངུལ་རྩའི་སྒྲིག་གཞི་སྔར་བཞིན་སྒོ་བརྒྱབ་ཡོད། 

ཟླ11པའི་ཚེས27ཉིན་ནས་བཟུང་། སི་རི་ཡ་སྲིད་གཞུང་དམག་དང་ངོ་རྒོལ་ཤོག་ཁག་གི་དྲག་ཆས་བར་དང་། དེ་མིན་ཐལ་སྐྱོད་རྩ་འཛུགས་བར་སི་རི་ཡའི་ནུབ་བྱང་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་འཐབ་འཛིང་བྱས། ཟླ11པའི་ཚེས30ཉིན་སི་རི་ཡའི་དམག་ཕྱོགས་ཀྱིས་ངོ་རྒོལ་ཤོག་ཁག་གི་དྲག་ཆས་པ་ཨ་ལེ་ཕོ་གྲོང་ཁྱེར་དུ་འབྱོར་ཡོད་པར་བཤད།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号