ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་གིས་ཨ་མེ་རི་ཁས་རང་ནུས་ཅི་ཡོད་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྲོད་དཀྲུག་འཕེན་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས3ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་རང་ནུས་ཅི་ཡོད་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཁྲོད་དཀྲུག་འཕེན་བྱེད་བཞིན་ཡོད་ཟེར།

ཐཱ་སི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་སྨྱན་བྱད་ལ་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་རང་གི་དམིགས་འབེན་དང་ནམ་རྒྱུན་གྱི་ལམ་ཐིག་ལྟར་རང་ནུས་ཅི་ཡོད་ཀྱིས་མུ་མཐུད་དུ་དཀྲུག་འཕེན་བྱས་ཏེ། འཁྲུག་རྩོད་དེ་ཞི་འཇགས་སུ་འགྲོ་བར་བཀག་འགོག་བྱེད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ཁི་ལན་ལ་མེ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གཉིས་ས་ཡ་ལྔའི་དམག་དོན་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པའི་ཐད་ནས། ཕའེ་སི་ཁི་ཧྥུའུ་ཡིས་བལྟས་ན། རོགས་སྐྱོར་འཆར་གཞི་གང་ཡིན་ཡང་འཐབ་ཁུལ་གྱི་གནས་བབ་ལ་ཤུགས་རྐྱེན་བཟོ་ཐབས་མེད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་གྱིས་ཚེས2ཉིན་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཙུང་ཐུང་པེད་ཏིན་གྱིས་ཙུང་ཐུང་གི་དབང་ཆ་བཀོལ་ནས་ད་ཡོད་ཀྱི་ཨ་མེ་རི་ཁའི་དམག་དཔུང་གི་མཛད་ཁང་ལས་ཝུའུ་ཁི་ལན་མཚོན་ཆ་རིགས་མང་བོའི་རོགས་སྐྱོར་བྱས་པ་དང་། དེའི་ནང་ས་འོག་འགད་རྫས་དང་། དུག་ཚེར་ཞེས་པའི་མཁའ་སྲུང་འཕུར་མདའ། མི་མེད་གནམ་གྲུའི་མ་ལག ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ་སོགས་འདུས་ཡོད་ཟེར། ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས3ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་གཞི་གྲངས་དྲངས་ནས་བསྒྲགས་པ་ལྟར་ན། 2022ལོའི་ཟླ2པ་ནས་བཟུང་ཝུའུ་ཁི་ལན་གྱི་ཉམས་ཉེན་ཛ་དྲག་ཏུ་གྱུར་བའི་ཚུན་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་བདེ་འཇགས་རོགས་སྐྱོར་འདོན་སྤྲོད་བྱས་པའི་སྤྱི་འབོར་མེ་སྒོར་ཐེར་ཆེན་དྲུག་ལས་བརྒལ་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号