དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱ་རུ་དམག་དཔུང་མངག་གཏོང་བྱེད་པར་བསམ་བློ་གཏོང་སྲིད་པའི་ཚུལ་བསྟན།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས3ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཀྲང་ཨ་ལཱ་ཀི་ཆི་ཡིས་བསྟན་དོན། གལ་ཏེ་སི་རི་ཡཱའི་སྲིད་གཞུང་གིས་དབྱི་ལིང་གིས་སི་རི་ཡཱ་རུ་དམག་དཔུང་མངག་གཏོང་བྱེད་དགོས་པའི་རེ་བ་བཏོན་ན། དབྱི་ལིང་གིས་རེ་འདོད་དེར་བསམ་བློ་གཏོང་སྲིད་པ་དང་། དགོས་ངེས་ཀྱི་སྐབས་སུ་རོགས་རམ་བྱེད་ངེས་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་སྡོད་པའི་ཨ་རབ་མིའི་ཚགས་པར་གསར་བའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཁོ་ཨུ་རུ་སིར་སོང་ནས་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པར་མ་ཟད། གོ་སྐབས་གསར་བསྐྲུན་བྱེད་པར་གྲོས་འགོ་བཏོན་ནས་དུས་གཏན་གྱི་ཐག་གཅོད་ཇུས་གཞི་ཞིག་འཛུགས་རྒྱུ་ཡིན་ཟེར།

ཨ་ལཱ་ཀི་ཆི་ཡིས་ད་རུང་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བའི་འཕེལ་རྒྱས་བཟང་ཞིང་། དབྱི་ལིང་གིས་མིག་སྔར་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྩིས་མེད་པ་དང་། གྲོས་མོལ་དེ་རིགས་ལ་རྨང་གཞི་ཅི་ཡང་མེད་པས། ང་ཚོས་ཨ་མེ་རི་ཁའི་སྲིད་གཞུང་གསར་བས་སྲིད་ཇུས་གང་རུང་སྤྱོད་པར་སྒུག་བཞིན་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号