“ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན”གྱི་ནུས་མཐོའི་ཞིང་འབྲོག་ཐོན་ལས་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱས།

ད་ལོའི་ཚུན་ལ། རྐང་ཚ་རྫོང་གིས“དཔེ་སྟོན་སྟོང་སྡེ་དང་ཁྲི་སྡེ་བཅོས་སྒྲིག”གི་ལས་གཞིའི་ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་སྣེ་ཁྲིད་དུ་བཟུང་སྟེ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་གྲོང་སྡེའི་ལས་དོན་ཚོགས་འདུའི་དགོངས་དོན་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་། མུ་མཐུད་དུ་འབྲོག་ལས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ།  སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་སྡེབ་སྒྲིག་ལས་གཞི་ལ་ཤུགས་སྣོན་དང་ཡུལ་ཚོ་དང་གྲོང་རྡལ་གྱི“གཅིག་ཅན་ལྔ”ཡི་འཛུགས་སྐྲུན་གྱི་ཚད་གཞི་ཇེ་མཐོ་དང་ཁྱབ་རྒྱ་ཇེ་ཆེར་བཏང་ལ། སྲིད་ཇུས་བྱེད་ཐབས་དང་རྣམ་གྲངས་འཛུགས་སྐྲུན་ཁག་དོན་འཁྱོལ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཚད་བརྒལ་གསར་པ་ཡོང་བར་བྱས་པ་དང་།  ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུར་ཐབས་ལམ་གསར་པ་བཙལ།

ཚོང་རའི་དགོས་མཁོ་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱུགས་ལས་དེ་ཁ་འཐོར་གསོ་ཚགས་ནས་གཞི་ཁྱོན་ལྡན་པའི་གསོ་ཚགས་བར་དང་། སྲོལ་རྒྱུན་གྱི་རགས་ལས་གཉེར་སྐྱོང་ནས་དེང་རབས་ཀྱི་ཞིབ་ལས་གཉེར་སྐྱོང་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་མཁན་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། མུ་མཐུད་དུ་འབྲོག་ལུག་གསོ་ཚགས་ཀྱི་ནུས་མཐོའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་གཏོང་བ། དུད་ཁྱིམ་མཉམ་སྦྲེལ་གྱི་གཉེར་སྐྱོང་དང་། ཚབ་གཉེར་ཞབས་ཞུ། མ་རྐང་མཉམ་ལས། སྡེ་བའི་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱེད་པ་བཅས་ཀྱི་གཉེར་སྐྱོང་བྱེད་སྟངས་རིགས་ལྔ་དང་། ཤེས་ལྡན་མི་སྣ་དང་ལག་རྩལ། མ་དངུལ་སོགས་ཀྱི་ཐོན་ཁུངས་གཅིག་བསྡུས་བྱས་ཏེ། ལེགས་བསྡུས་ཞིབ་གཉེར་ཅན་གྱི་གཉེར་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བར་སྐུལ་སྤེལ་བཏང་། ལོ་འདིའི་ནང་། མ་མཐའ་ཡང་ཆེད་ལས་མཉམ་ལས་ཁང2དང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ10དང་། ཚན་རྩལ་དཔེ་སྟོན་ཁྱིམ་ཚང30གསར་དུ་གསོ་སྐྱོང་བྱས་ཤིང་། ནོར་གནག་མགོ་གྲངས་ཁྲི་ཡི་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི2བསྐྲུན་ནས་གཉེར་སྐྱོང་བྱས་པ་དང་། ནོར་གནག་མགོ་གྲངས་སྟོང་དང་འབྲོག་ལུག་མགོ་གྲངས་སྟོང་གི་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི6སྐྱེད་སྲིང་བྱས། རྫོང་ཡོངས་སུ་ཁྲི་སྟོང་ཅན་གྱི་རྟེན་གཞི་བསྡོམས་འབོར33ལ་སླེབས་ཟིན་ཡོད་པ་རེད།     

ཐོན་ལས་ཅན་གྱི“འགག་རྩ”དམ་འཛིན་བྱས།“ཁེ་ལས་དང་། སྐྱེ་ཁམས་ཕྱུགས་ལས། མཉམ་ལས་རྩ་འཛུགས། ཞིང་འབྲོག་དུད་ཁྱིམ”བཅས་ཟུང་དུ་འབྲེལ་བའི་ཁེ་ཕན་སྦྲེལ་མཐུད་བྱེད་སྟངས་བཙུགས་པ་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ། ཐོན་ལས་གླིང་གི་སྐྱེད་སྲིང་རྟེན་གཞི་སྒྱུར་བཀོད་རིམ་སྤོར་བྱེད་རྒྱུ་ཇེ་མགྱོགས་སུ་བཏང་ནས། ཞིང་འབྲོག་ལས་ཐོན་རྫས་ཞིབ་ཚགས་ཀྱི་ལས་སྣོན་ལ་རོགས་སྐྱོར་སྲིད་ཇུས་བཟོས། ཆིན་ཧུའུ་ཞིང་ཕྱུགས་མ་འཇོག་གསར་སྤེལ་ཚད་ཡོད་སྤྱི་གཉེར་དང་ཧྲན་ཏུང་རོགས་སྐྱོར་སྐྱེ་ཁམས་གཟན་ཆས་ཚད་ཡོད་སྤྱི་གཉེར་སོགས་རྫོང་ཁོངས་ཀྱི་རྐང་འཛིན་ཁེ་ལས་རྒྱ་བསྐྱེད་སྟོབས་ལྡན་དུ་གཏོང་རྒྱུར་རོགས་སྐྱོར་བྱས་པ་དང་། ཧྭ་ཧྲེང་སྐྱེ་ཁམས་ཤ་རིགས་ཚད་ཡོད་སྤྱི་གཉེར་དང་རྐང་ཚ་རྩྭ་ཐང་ཤ་རིགས་ཚད་ཡོད་སྤྱི་གཉེར་མགྱོགས་མྱུར་སྒོས་གཉེར་སྐྱོང་ལེགས་པོ་བྱས། ལྕགས་ཀྲིན་བཟའ་བཅའ་དང་། འཕྲལ་མཁོའི་བཟའ་བཅའ། མྱུར་འཁྱག་བཟའ་བཅའ་སོགས་ཞིང་འབྲོག་ཐོན་རྫས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལོ་འདིའི་ནང་ནོར་ལུག་བཤས་གཏོང་ཁུལ1གསར་དུ་བསྐྲུན་ནས། ཐོན་རྫས་རིགས5གསར་སྤེལ་བྱས་ཏེ་ཁྲོམ་རར་བཏོན།  ཡུལ་ཚོ་དང་གྲོང་རྡལ་ཁག་གིས་ན་ནིང་གི་རྨང་གཞིའི་ཐོག་ཁྲོམ་རར་མཁོ་བའི་ཐོན་རྫས་ཁག5གསར་སྤེལ་བཅས་བྱས་ནས་ནོར་ལུག་ཤ་ཡི་འབྲོག་ལས་ཐོན་རྫས་ནས་ཞིབ་ཚགས་ལྡན་པའི་སྣ་མང་ཅན་གྱི་ཚོང་ཟོག་ཏུ་བསྒྱུར་ཏེ། འབྲོག་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ནུས་ལྡན་སྒོས་མཐོར་འདེགས་སུ་བཏང་། 

ཚོང་ར་ཅན་གྱི“ཕྱུག་འགྱུར་ལམ་བུར”བསྐྱོད། སྤུས་རྟགས་ཕྱུགས་དར་ལས་གཞི་ལག་བསྟར་བྱས་ནས་སྤུས་ལེགས་སོན་བཟང་འདེམས་གསོ་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། མ་འཇོག་ཐོན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། ཕྱུགས་ཟོག་གསོན་འཚོང་ཁྲོམ་ར་དང་འཁྱག་སྦྲེལ་ཟོག་འདྲེན་རྟེན་གཞིའི་མཐུད་སྐྲུན་རྣམ་གྲངས་ཇེ་མགྱོགས་སུ་བཏང་། རྐང་ཚ་མཚོ་སྔོན་པོའི་ནོར་གནག་དང་འབྲོག་ལུག་ཕྱིར་འཚོང་ཐད་གཉེར་ཁང་གི་གྲངས་འབོར་ཇེ་མང་དུ་བཏང་ནས། ནང་ལོགས་ཀྱི་བཟའ་བཅའི་དངོས་མང་སྟོན་ཚོགས་དང་འགྲེམས་ཚོགས་ཆེ་གྲས་ནང་ཞུགས་རྒྱུ་སྒྲིག་འཛུགས་བྱས་ལ།“རྐང་ཚའི་ནོར་གནག་འབྲི་ཞོ”སོགས་ཞིང་ལས་ཐོན་རྫས4ལ་ས་ཁམས་མཚོན་རྟགས་ཀྱི་ཚོང་རྟགས་ཐོབ་པ་དང་། ཞིང་ཆེན་རིམ་པའི་དཔེ་སྟོན་མཉམ་ལས་ཁང2ལ་ལྗང་མདོག་བཟའ་བཅའི་བདེན་དཔང་ཐོབ། སྤྲོ་གསེང་རང་བཞིན་གྱི་ཞིང་འབྲོག་ལས་དང་། གྲོང་སྡེའི་གནས་སྐོར། ཁྱད་ལྡན་དམངས་ཁྱིམ། ཁམས་གསོ་རྒན་གསོ། ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་དོན་སོགས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས།“མཚོ་སྔོན་པོའི་རྐང་ཚའི་འབྲོག་ལུག་དང་མཚོ་སྔོན་པོའི་རྐང་ཚའི་ནོར་གནག”གི་ལྗང་མདོག་སྐྱེ་ལྡན་སྤུས་རྟགས་ཇེ་བཟང་ཇེ་ལེགས་སུ་བཏང་སྟེ་ཁུལ་ཡོངས་ཀྱི“མདོ་ལ་རིང་མོའི་འདབས་ཀྱི་འབྲོག་ར་བཟང་པོ། རླབས་ཀྱི་ཟེགས་མ་འཕྱོ་བའི་ཁྲི་བཤོར་རྒྱལ་མོ”ཡི་སྤྱི་སྤྱོད་སྤུས་རྟགས་གཏོད་རྒྱུར་རོགས་འདེགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号