ཕྱི་འབྲེལ་པུའུ་ཡིས་ཕེ་རུ་དང་བཅས་པའི་ཕྱོགས་སོ་སོ་དང་མཉམ་དུ་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་རྒྱག་འདོད་ཡོད་པར་བསྟན།

ཚེས7ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མའོ་ཉིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་འདུས་པའི་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་གི་དཔལ་ཡོན་གྲོས་འགོ་ལག་བསྟར་དང་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་བསྣན་ནས། འཛམ་གླིང་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པར་བྱེད་འདོད་ཡོད་ཅེས་བསྟན།

ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་གསར་འགོད་པ་ཞིག་གིས། ཉེ་ཆར“ཉི་མའི་འོད་ཟེར།གནའ་བོའི་ཧྲུའུ་དང་དབྱིན་ཅ་བར་གྱི་དཔལ་ཡོན་དཔྱད་གཞིར་འཛིན་རེས་ཀྱི་འགྲེམས་སྟོན”ཕེ་རུར་བསྡུས་པར་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། འགྲེམ་སྟོན་དེའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱས་ན་འགྲིག་གམ་ཞེས་དྲིས་པར།

མའོ་ཉིང་གིས་ཀྲུང་གོ་དང་ཕེ་རུ་གཉིས་ཀ་དཔལ་ཡོན་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན་པ་དང་།རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སེམས་པ་གཅིག་མཐུན་དང་འདུ་ཤེས་འདྲ་པོ་ཡོད། ན་ནིང་ནས་བཟུང“ཤེས་དཔལ་དར་བའི་རྒྱུ་མཚན་ཅི་ཡིན་ནམ”ཞེས་པའི་འཛམ་གླིང་གི་སྐོར་འགྲེམས་ཕེ་རུར་བསྐྱོད་པ་དང་།“དབྱིན་ཅ་མཁའ་ལམ”གྱི་ཨན་ཏི་སིའི་རིག་གནས་འགྲེམས་སྟོན་སོགས་ཀྲུང་གོར་གཉེར་བར་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་དགའ་བསུ་ཐོབ་ནས། ཀྲུང་གོ་དང་ཕེ་རུའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བརྩེ་སྔར་ལས་ཇེ་ཟབ་ཏུ་སོང་ཡོད། ཁྱོད་ཀྱིས་བཤད་པའི་འགྲེམས་སྟོན་དེ་ཉེ་ཆར་ཕེ་རུར་སྤེལ་ནས་ཀྲུང་ཧྭའི་དཔལ་ཡོན་དང་ཕེ་རུའི་དཔལ་ཡོན་གྱིས་རང་རང་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་མཉམ་འདྲེས་ཀྱི་མཛེས་སྡུག་མངོན་པར་བྱས་ཡོད།མ་འོངས་པར་ང་ཚོས་ཕེ་རུ་དང་བཅས་པའི་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་གི་དཔལ་ཡོན་གྲོས་འགོ་ལག་བསྟར་དང་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བྱས་ཏེ། འཛམ་གླིང་སྔར་ལས་འཆམ་མཐུན་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱེད་འདོད་ཡོད་ཅེས་བཤད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号