དབྱི་རག་གིས་རང་གི་མངའ་ཁོངས་དེ་འཇབ་རྒོལ་དང་རྒོལ་ལན་སྤྲོད་ས་ཞིག་ཏུ་འགྱུར་མི་སྲིད་ཟེར།

ཚེས6ཉིན།   དབྱི་རག་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་སི་ལིན་མགྲིན་ཚབ་པ་ཡེ་ཧའེ་ཡ·ལ་སུའུ་འར་གྱིས་དབྱི་རག་གི་མངའ་ཁོངས་ནི་འཇབ་རྒོལ་བྱེད་ས་ཞིག་གམ་ཡང་ན་རྒོལ་ལན་སྤྲོད་ས་ཞིག་དུ་འགྱུར་མི་སྲིད་ཅེས་བསྟན།

ལ་སུའུ་འར་གྱིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར།  དབྱི་རག་གི་ཙུང་ལི་སུའུ་ཏ་ཉི་ཡིས་ཉིན་དེར་རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་རིམ་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་བྱས་པ་དང་།  ཚོགས་འདུའི་སྟེང་དབྱི་རག་གི་སྤྱིའི་བདེ་འཇགས་གནས་བབ་ལ་དབྱེ་ཞིབ་བྱས་ནས་ཕ་ལེ་སི་ཐན་དང་ལེ་པ་ནོན་གྱི་མི་དམངས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་བསྒྲགས་བྱས་པ་དང་།  དབྱི་སི་རལ་གྱིས་རྒྱལ་ཁབ་གཉིས་ལ་དམིགས་པའི“བཙན་འཛུལ”གྱི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

གསལ་བསྒྲགས་ནང་ནན་གྱིས་བསྟན་དོན། ཉེ་ལམ་ཁྱབ་པའི“འབྲེལ་ཡོད་ཕྱོགས་ཀྱིས་དབྱི་རག་གི་མངའ་ཁོངས་དེ་འཇབ་རྒོལ་དང་ཡང་ན་རྒོལ་ལན་སྤྲོད་ས་ཞིག་ཏུ་བརྩི་བའི”གནས་ཚུལ་དེ་དོན་དངོས་དང་མི་མཐུན་པ་ཞིག་རེད། དེ་ནི་འབྲེལ་ཡོད་ཕྱོགས་ཀྱིས་དབྱི་རག་ལ་འཇབ་རྒོལ་བྱེད་རྩིས་དང་དེའི་བདག་དབང་ལ་བཙན་གནོད་བྱེད་པའི་ཁ་གཡར་ས་ཞིག་རེད་ཅེས་ནན་བཤད་བྱས་ཡོད།

ཉེ་སྔོན་ཨ་རིའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན།  ཟླ11པའི་ཚེས5ཉིན་གྱི་ཨ་རིའི་འདེམས་བསྐོ་ཆེན་མོའི་སྔོན་དབྱི་སི་རལ་གྱི་ས་ཁོངས་ནས་དབྱི་སི་རལ་ལ་རྡུང་རྡེག་བཏང་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཟླ10པའི་ཟླ་མཇུག་ཏུ་དབྱི་ལིང་གི་དམག་དོན་དམིགས་འབེན་ཐད་སྤེལ་བའི་བྱ་སྤྱོད་ལ་ཡ་ལན་སྤྲོད་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号