ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དང་འཇར་མན་གྱི་ཙུང་ལི་ཡིས་གྲོས་མོལ་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས15ཉིན་སཱ་མཱ་ཨར་ཧན་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་གྲོས་མོལ་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས15ཉིན་སྤེལ་བའི་གསལ་སྒྲོག་ལྟར་ན། མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཧྲའོ་ཨར་ཚི་ཡི་ཐེངས་འདིའི་འཚམས་འདྲི་དེ་འཇར་མན་ཕྱོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་ཁོངས་སོ་སོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་། ཝུའུ་ཙི་པེ་ཁི་སི་ཐན་གྱི་བཅོས་བསྒྱུར་ཐད་ཀྱི་རྒྱབ་སྐྱོར་དུ་མཐོང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྔོན་ཆད་ཝུའུ་ཙི་པེ་ཁི་སི་ཐན་དང་འཇར་མན་གྱི་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཡོ་སྒོར་ཐེར་འབུམ་གཅིག་ལས་བརྒལ་ཡོད། ད་ལོའི་ཚུན་ལ། འཇར་མན་གྱི་ཁེ་ལས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ལ་དངུལ་གཏོང་བྱས་ཚད་ཡོ་སྒོར་དུང་ཕྱུར་བརྒྱད་ལས་བརྒལ་ཡོད། རྒྱལ་ཁབ་གཉིས་ཀྱིས་བཟོ་ལས་ལག་རྩལ་གྲོགས་པོའི་འབྲེལ་བའི་འཐབ་ཇུས་ལས་གཞི་སྤེལ་བ་དང་། ལྷད་མེད་ནུས་ཁུངས་དང་རྫས་འགྱུར་བཟོ་ལས། རྒྱུ་ཆ། འཕྲུལ་ཆས་བཟོ་སྐྲུན།འཁལ་འཐག་སོགས་ཁྱབ་ཁོངས་སོ་སོར་འབྲེལ་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་དང་འཇར་མན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་དུས་བཅད་ལྟར་གྲོས་མོལ་བྱེད་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号