འབར་མའི་ཙུང་ཐུང་གི་སྐུ་ཚབ་མིན་རའེ་ཡིས་འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་འགན་དབང་རྩིས་སྤྲོད་བྱས་པ།

འབར་མའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་ཚེས22ཉིན་གྱི་དགོང་མོར། འབར་མའི་ཙུང་ཐུང་གི་སྐུ་ཚབ་མིན་རའེ་ཡིས་འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་འགན་དབང་རྩིས་སྤྲོད་བྱས་པར་བཤད། 

འབར་མའི་ཙུང་ཐུང་གི་སྐུ་ཚབ་གཞུང་ལས་ཁང་གིས་འབར་མ་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་ལ་བརྡ་སྦྱོར་བཏང་སྟེ། མིན་རའེ་སྐུ་སྙུང་ནས་ལས་འགན་ལག་བསྟར་བྱེད་མི་ཐུབ་པའི་རིང་། དགོས་ངེས་ཀྱི་རྒྱལ་སྲུང་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ལག་བསྟར་བྱེད་བདེ་བོ་ཡོང་ཆེད། ཙུང་ཐུང་ཚབ་མའི་འགན་དབང་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་རྩིས་སྤྲོད་བྱས་པར་བཤད། 

འབར་མའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས། 2023ལོའི་ལོ་མགོའི་ཚུན་དུ། མིན་རའེ་ལ་བཟའ་བཏུང་དང་འགྲོ་སྐྱོད་སྟབས་བདེ་མིན་པ་སོགས་ཀྱིས་སྨན་བཅོས་ཐེངས་མང་བྱས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号