ནེ་པ་ལ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི25ཚེ་ལས་འདས་པ།
ནེ་པ་ལའི་དཔོན་རིགས་ཀྱིས་ཚེས22ཉིན་བཤད་རྒྱུར། ཟླ་འདིའི་ཚེས12ཉིན་ཆི་ཐུ་ཝང་རྫོང་དུ་རི་ཉིལ་བ་ལས་འགྲུལ་འཁོར་ཆེ་གྲས་ཤིག་ལ་དོན་རྐྱེན་བྱུང་སྟེ། མི25ཚེ་ལས་འདས་པ་དང་སྔར་བཞིན་མི34གར་སོང་ཆ་མེད་དུ་གྱུར།
ཆི་ཐུ་ཝང་རྫོང་གི་རྫོང་དཔོན་ཡུན་ཏི་ལ་ཏི་ཧྥུའུ·ཡ་ཏ་ཧྥུའུ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། འགྲུལ་བ3ཉེན་ཁ་ལས་ཐར་ཞིང་། རོགས་སྐྱོར་མི་སྣས་བེམ་པོ25རྙེད་ཟིན་མོད། ད་དུང་ལྷག་མའི་མི34དང་འགྲུལ་འཁོར་རྙེད་མ་བྱུང་ཞེས་བཤད།
ཡ་ཏ་ཧྥུའུ་ཡིས། ནེ་པ་ལའི་བདེ་འཇགས་དམག་དཔུང་དང་ཧིན་རྡུའི་འཚོལ་སྐྱོབ་དམག་དཔུང་གིས་སྔར་བཞིན་འཚོལ་སྐྱོབ་བྱེད་བཞིན་པའི་སྒང་ཡིན་ཟེར།
ཆི་ཐུ་ཝང་རྫོང་གི་གཞུང་ལམ་ཞིག་ལ་ཚེས12ཉིན་རི་ཉིལ་བ་ལས་འགྲུལ་འཁོར་ཆེ་གྲས་གཉིས་ལ་དོན་རྐྱེན་བྱུང་། ནེ་པ་ལའི་གཞུང་ཕྱོགས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད། འགྲུལ་འཁོར་ཆེ་གྲས་གཉིས་ནང་ཁྱོན་བསྡོམས་མི62ཡོད་པར་བཤད།
ནེ་པ་ལའི་ཉེན་རྟོག་ཕྱོགས་ཀྱིས། ཟླ6པའི་ཚེས10ཉིན་ཆར་དུས་མགོ་བརྩམས་པ་ནས་བཟུང་། དྲག་ཆར་བབས་པ་ལས་ཆུ་ལོག་བྱུང་བ་དང་རི་ཉིལ་བ། འདམ་རུད་བྱུང་བ་སོགས་ཀྱིས་རྒྱལ་ཁབ་དེའི་མི130ལྷག་གི་ཚེ་སྲོག་ཤོར་བར་བཤད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注