ཨ་རིའི་འགོ་ཁྲིད་འདིས་ལས་ཁུར་དགོངས་པ་ཞུས། 

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས23ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཡཱ་ལི་ཧང་ཏེ་ལུའོ་·མ་ཡུའེ་ཁ་སི་ཡིས། ཨ་རིའི་དམིགས་བསལ་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ན་ཏེ་·ལུའོ་ཝུའེ་ཅུས་ཀྲང་གི་ལས་ཚབ་ལ་བསྐོ་གཞག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ཉིན་དེའི་སྔ་ཙམ་ལ། ཨ་རིའི་དམིགས་བསལ་ཞབས་ཞུ་ཅུས་ཀྱི་ཅུས་ཀྲང་ཅིན་པོ་ལི་·ཆི་ཐེར་གྱིས་ལས་ཁུར་དགོངས་པ་ཞུ་རྒྱུའི་ཁྱབ་བསྒྲགས་བྱས། དེའི་རྒྱུ་མཚན་ནི་དམིགས་བསལ་ཞབས་ཞུ་ཅུས་ཀྱིས་ཨ་རིའི་ཙུང་ཐུང་ཟུར་པ་ཐེ་རོན་ཕུའུ་ལྐོག་གསོད་བྱེད་རྩིས་ཀྱི་གནས་ཚུལ་བཀག་འགོག་བྱེད་མ་ཐུབ་པའི་རྐྱེན་གྱིས་རེད། ཨ་རིའི་ཙུང་ཐུང་པའེ་ཏེང་རང་གིས་ཅུས་ཀྲང་གསར་པ་ཞིག་མགྱོགས་མྱུར་བསྐོ་གཞག་བྱེད་འཆར་ཡོད་ཅེས་བཤད་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号