ཧྲོ་ཨར་ཚི་ཡིས་བསྟུད་མུར་ཙུང་ལི་ཡི་འགན་འཁུར་བར་བརྩོན་ལེན་བྱེད་བཞིན་ཡོད་པ།

པར་འདི་ནི་ཟླ7པའི་ཚེས24ཉིན་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་པའོ་ལིན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།

ཟླ7པའི་ཚེས24ཉིན། འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་པའོ་ལིན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཁོང་གིས་སྤྱི་ཚོགས་དམངས་གཙོ་ཏང་གི་འོས་མི་བཙལ་ནས2025ལོའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་འདེམས་བསྐོ་ནང་ཞུགས་ཏེ་བསྟུད་མུར་ཙུང་ལི་ཡི་འགན་འཁུར་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྒྲགས།

པར་འདི་ནི་ཟླ7པའི་ཚེས24ཉིན་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་པའོ་ལིན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།

མིག་སྔར། སྤྱི་ཚོགས་དམངས་གཙོ་ཏང་གིས་ཧྲོ་ཨར་ཚི་ལ་ཙུང་ལི་ཡི་འོས་མི་ནང་བཞག་མེད་པ་རེད།

པར་འདི་ནི་ཟླ7པའི་ཚེས24ཉིན་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་པའོ་ལིན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།

འཇར་མན་གྱི་ཧྥུའུ་ཧྲ་གླེང་ཕྱོགས་བརྟག་དཔྱད་སའོ་ཡིས་ཟླ་འདིར་སྤེལ་བའི་བརྟག་དཔྱད་ཅིག་ལས་མངོན་པ་ལྟར་ན། སྤྱི་ཚོགས་དམངས་གཙོ་ཏང་གི་ཏང་ཡོན་ཕྱེད་ཀ་ཙམ་གྱིས་ཧྲོ་ཨར་ཚི་ཡི་ལས་དོན་ལ་བློ་ཡིད་ཚིམ་ཞིང་། གསུམ་ཆ་གཅིག་གིས་ཧྲོ་ཨར་ཚི་ནི་ཏང་དེའི་ཙུང་ལིའི་འོས་མི་ཆེས་འོས་ཤིང་འཚམ་པ་དེ་ཡིན་པར་ངོས་འཛིན་བྱེད།

པར་འདི་ནི་ཟླ7པའི་ཚེས24ཉིན་འཇར་མན་གྱི་ཙུང་ལི་ཧྲོ་ཨར་ཚི་ཡིས་པའོ་ལིན་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་གཏམ་བཤད་གནང་བཞིན་པའི་རྣམ་པ་རེད།

ཟླ་སྔོན་མར་འཚོགས་པའི་ཡོ་རོབ་གྲོས་ཚོགས་ཀྱི་འདེམས་བསྐོ་ཁྲོད། འཇར་མན་སྲིད་འཛིན་མནའ་འབྲེལ་གྱི་ཏང་ཁག་གསུམ་པོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་ཕལ་ཆེར་འདེམས་ཤོག་གསུམ་ཆ་གཅིག་ཙམ་ལས་མ་ཐོབ་ལ། དེའི་ཁྲོད་སྤྱི་ཚོགས་དམངས་གཙོ་ཏང་ལ་འདེམས་ཤོག13.9%ལས་ཐོབ་མེད་པ་རེད། ངོ་རྒོལ་ཏང་གི་མནའ་འབྲེལ་ཏང་དང་གདམ་གསེས་ཏང་གཉིས་ལ་འདེམས་ཤོག45%ལས་བརྒལ་བ་ཐོབ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号