ཐེ་རོན་ཕུའུ་ཡིས་ཐའེ་ཝན་ལ་“སྲུང་སྐྱོང་གྲོན་དངུལ་”སྤྲོད་དགོས་ཟེར། 

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་ཚེས24ཉིན་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། གསར་འགོད་པ་ཞིག་གིས། ཨ་རིའི་ཙུང་ཐུང་གི་འོས་མི་ཐེ་རོན་ཕུའུ་ཡི་ཚོགས་པས་ཉེ་ཆར་ཐའེ་ཝན་གྱི་གྲོས་གཞི་ཐེངས་མང་གླེང་ཡོད། ཐེ་རོན་ཕུའུ་ཡིས་ཐའེ་ཝན་ནས་ཨ་རིར“སྲུང་སྐྱོང་གྲོན་དངུལ”སྤྲོད་དགོས་ཞེས་བཤད་པ་དང་། གཞན་ཡང་ཇུས་འདོན་མི་སྣས་ཐའེ་ཝན་ནས་དམག་གྲོན་དེ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི5%བར་མཐོ་རུ་གཏོང་རྒྱུའི་རེ་བ་བཏོན་པ་སོགས་གླེང་ཡོད། དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

མགྲིན་ཚབ་པ་ཀྲུའུ་ཧྥེང་ལན་གྱིས། ཨ་རིས་ནམ་ཡང“ཨ་རིའི་ཁེ་ཕན་སྔོན་ལ་འཇོག་རྒྱུ”ཞེས་པ་ལག་བསྟར་བྱེད་པ་ལས་ཐའེ་ཝན་དམིགས་བསལ་བར་འགྱུར་མི་སྲིད་པ་གླིང་ཕྲན་ནང་ཁུལ་གྱི་དམངས་ཚོགས་ཚོས་གསལ་པོ་ཤེས་ཀྱི་ཡོད། དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“གཞན་གྱི་ལག་ཆ”བྱེད་འདོད་ཅིང་། ཨུ་ཚུགས་ཀྱིས“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱེད་པ།” རྩ་དོན་མེད་པ་དང་མ་མཐའི་མཚམས་ཐིག་མེད་པར་ཕྱི་ཕྱོགས་སྟོབས་ཤུགས་དང་བསྟུན་ཐབས་བྱེད་པ་འདིས་ཐའེ་ཝན་ཉེན་ཁའི་གནས་སུ་བསྐྱལ་ནས། སྤུན་ཟླ་ཐའེ་ཝན་པར་གནོད་འཚེ་ཚབས་ཆེན་བཟོ་སྲིད་ཅེས་བཤད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号