ཨེ་ཅིབ་ཀྱི་ཙུང་ཐུང་གིས་ཅཱ་ཧྲ་ས་ཁུལ་དུ་མུ་མཐུད་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཚེས9ཉིན་རྒྱལ་ས་ཁེ་རོ་ནས་བསྐྱར་སྒྲོག་བྱས་དོན། ཨེ་ཅིབ་ཀྱིས་ཅཱ་ཧྲ་ས་ཁུལ་ནས་མུ་མཐུད་དུ་སྤེལ་བཞིན་པའི་དམག་དོན་འགུལ་སྐྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་བར་བྱེད་པའི་འགན་འཁྲི་ཁུར་དུ་ལེན་དགོས་ཟེར།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། སེ་ཞི་ཡིས་ཉིན་དེར་ཁེ་རོ་ནས་ཨ་མེ་རི་ཁའི་ཀྲུང་དབྱང་གསང་འཕྲིན་ཅུའུ་ཡི་ཅུའུ་ཀྲང་པའོ་ཨིན་སི་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད། ཁོས་བསྟན་དོན། བྱེད་ཐབས་སྤྱད་ནས་ཕཱ་ལེ་སི་ཐན་གྱི་མིས་མྱོང་བཞིན་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་དེ་ཞི་འཇགས་སུ་གཏོང་དགོས་པ་དང་། ཟོལ་མེད་ཀྱིས་ཕན་ནུས་ལྡན་པའི་སྒོ་ནས་འཁྲུག་རྩོད་རྒྱ་ཡན་དུ་འགྲོ་བར་སྔོན་འགོག་བྱེད་དགོས་ལ། ངེས་པར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱས་ཏེ། དྲང་བདེན་དང་ཕྱོགས་ཡོངས་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

གཞན་ཡང་ཨེ་ཅིབ་ཀྱི་ཁེ་རོའི་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པའི་གྲོས་མོལ་ཉིན་དེར་མུ་མཐུད་དུ་ཁེ་རོ་ནས་སྤེལ་བ་དང་། པའོ་ཨིན་སི་གྲོས་མོལ་ལ་ཞུགས། བསྒྲགས་པ་ལྟར་ན། ཨེ་ཅིབ་བདེ་འཇགས་འཐུས་ཚབ་ཚོགས་པ་ཚེས10ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་རུ་སོང་ནས། ཏའོ་ཧཱ་ནས་ནས་བསྡུས་པའི་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྲོལ་མོལ་ལ་ཞུགས་རྒྱུ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号