འབར་མའི་ཉེན་རྟོག་ཕྱོགས་ཀྱིས་མན་ངྷི་ལི་ཞིང་ཆེན་དབུས་ཕྱོགས་སུ་དུག་རྫས་སྤྱི་རྒྱ་གྱ་དྲུག་གྲངས་ཆུང་དགུ་གཞུང་བཞེས་བྱས། 

འབར་མའི་དུག་རྫས་གང་འདོད་དུ་སྤྱོད་པ་བཀག་འགོག་བྱེད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་ཚེས9ཉིན་བཤད་རྒྱུར། འབར་མའི་ཉེན་རྟོག་ཕྱོགས་ཀྱིས་མན་ངྷི་ལི་ཞིང་ཆེན་དབུས་ཕྱོགས་སུ་དུག་རྫས་སྤྱི་རྒྱ་གྱ་དྲུག་དང་གྲངས་ཆུང་དགུ་གཞུང་བཞེས་བྱས། 

འབར་མའི་དུག་རྫས་གང་འདོད་དུ་སྤྱོད་པ་བཀག་འགོག་བྱེད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། དུག་འགོག་ཉེན་རྟོག་པས་སྐུད་ལམ་གྱི་ཞུ་གཏུག་འབྱོར་རྗེས་ཚེས5ཉིན་མན་ངྷི་ལི་ཞིང་ཆེན་དུ་རླངས་འཁོར་གཅིག་གི་ནང་དུ་དུག་རྫས་སྤྱི་རྒྱ་ཉེར་གཉིས་གཞུང་བཞེས་བྱས་ཤིང་། དོགས་ཡོད་ཉེས་ཅན་བཞི་འཛིན་བཟུང་བྱས་ལ། དེའི་ཁྲོད་ཀྱི་དོགས་ཡོད་ཉེས་ཅན་མི་གཅིག་གི་སྡོད་གནས་སུ་དུག་རྫས་སྤྱི་རྒྱ་རེ་བཞི་དང་གྲངས་ཆུང་དགུ་རྩད་ཆོད། རྟོག་ཞིབ་ལས་མངོན་པ་ལྟར་ན། དུག་རྫས་འདི་ཧྲན་པང་ནས་མན་ངྷི་ལི་ཞིང་ཆེན་ལ་སྐྱེལ་འདྲེན་བྱས་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号