འཛམ་གླིང་ཐོག་གྲངས་འབོར་འདི་ཀྲུང་གོ་ཨང་དང་པོ་རེད་འདུག

ས་གནས་དེ་གའི་དུས་ཚོད་ཟླ7པའི་ཚེས3ཉིན་འཛམ་གླིང་ཤེས་བྱའི་ཐོན་དབང་རྩ་འཛུགས་ཀྱིས ༼གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་གནས་ཚུལ་སྙན་ཞུ༽ཞེས་པ་ཁྱབ་བསྒྲགས་བྱས་པ་རེད།     

སྙན་ཞུ་ལས་མངོན་པར།  སྤྱི་ལོ2014ལོ་ནས་སྤྱི་ལོ2023ལོ་བར་ཀྲུང་གོའི་གསར་གཏོད་པས་རེ་ཞུ་བྱས་པའི་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་མང་ཤོས་ཡིན་པ་དེ་ཨ་རི་དང་།   ལྷོ་ཁོ་རེ་ཡ། འཇར་པན།  རྒྱ་གར་སོགས་རྒྱལ་ཁབ་ལས་ཆེས་ཆེར་བརྒལ་ཡོད་པ་རེད།     སྤྱི་ལོ2014ལོ་ནས་སྤྱི་ལོ2023ལོ་བར་གོ་ལ་ཧྲིལ་པོའི་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་དང་འབྲེལ་བ་ཡོད་པའི་གསར་གཏོད་རེ་ཞུ་བྱེད་ཚད54000ཟིན་པའི་ནང25%ལྷག་ཙམ་ནི་ན་ནིང་ལོ་གཅིག་ནང་ཐོན་པ་ཤ་སྟག་ཡིན་པ་རེད། 

གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་ཀྱིས་སྤྱོད་མཁན་གྱིས་ཡིག་དེབ་དང་།  པར་རིས།  རོལ་དབྱངས། རྩིས་འཁོར་གྱི་ཚབ་ཨང་སོགས་ཀྱི་ནང་དོན་བཟོས་ནས་བཟོ་ལས་དང་འཛད་སྤྱོད་ཐོན་རྫས་རབ་དང་རིམ་པར་སྒུལ་ཤུགས་མཁོ་འདོན་བྱེད་ཆོག་ཅིང་།  སྤྱི་ལོ2014ལོ་ནས2023ལོ་བར་ཀྲུང་གོས་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་གསར་གཏོད་བྱེད་ཚད་ཁྲི3.8ལྷག་ཙམ་ཟིན་པ་དེ་ཨང་གཉིས་པར་སླེབས་པའི་ཨ་རིའི་ལྡབ6ཡིན་པ་རེད།  སྙན་ཞུའི་ནང་མངོན་པར།  གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་དེ་ཚེ་སྲོག་ཚན་རིག་དང་།  བཟོ་སྐྲུན།  འགྲིམ་འགྲུལ།  བདེ་འཇགས།  གློག་འཕྲིན་སོགས་ལས་རིགས་སུ་ཁྱབ་ཡོད་པ་རེད།  པར་རིས་དང་བརྙན་ལམ་གཞི་གྲངས་ཀྱིས་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་ཁྲོད་གཙོ་ཁྲིད་ཀྱི་གནས་བབ་བཟུང་ཡོད་པ་དང་།  དེ་རྗེས་ཡིག་དེབ་དང་སྒྲ་སྐད། རོལ་དབྱངས་ཡིན། ཆ་རྡུལ་དང་གཞི་རྒྱུ།    སྤྲི་དཀར་རྫས་བཅས་ཀྱི་གྲངས་གཞིའི་གྲུབ་ཚུལ་རྣམ་པའི་མིས་བཟོས་རིག་ནུས་ཀྱི་ཁེ་བེད་བདག་ཐོབ་འཕར་སྣོན་མགྱོགས་པོ་འགྲོ་བཞིན་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号