ཕོ་ལན་གྱིས་འཇར་མན་བར་གྱི་འགོག་སྲུང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཕོ་ལན་གྱི་ཙུང་ལི་ཐུའུ་སི་ཁི་ཡིས་ཚེས2ཉིན་རྒྱལ་ས་ཧྭ་ཧྲ་ནས་བསྟན་དོན། ཕོ་ལན་གྱིས་འཇར་མན་བར་གྱི་ཡོ་རོབ་གླིང་མནའ་འབྲེལ་ཤར་ཕྱོགས་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་དང་མཁའ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཕོ་ལན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུའུ་སི་ཁི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་ཧྲའོ་ཨར་ཚི་དང་གྲོས་མོལ་བྱས། དེ་ནི་རྒྱལ་ཁབ་གཉིས་ཀྱིས2018ལོའི་ཚུན་གྱི་སྲིད་གཞུང་བར་གྱི་གྲོས་མོལ་ཐོག་མ་རེད། ཐུའུ་སི་ཁི་ཡིས་དེའི་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲལེ་གྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་དག་དང་མཉམ་དུ་ཡོ་རོབ་གླིང་མནའ་འབྲེལ་ཤར་ཕྱོགས་མཐའ་མཚམས་ས་ཁུལ་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་ལེན་འདོད་ཡོད། ཕོ་ལན་གྱིས་འཇར་མན་ཕྱོགས་བར་གྱི་མཁའ་སྲུང་ཁྱབ་ཁོངས་ཀྱི་གྲོས་མོལ་ལ་ཤུགས་སྣོན་བྱས་ཏེ། ཕྱོགས་གཉིས་དང་ཡོ་རོབ་གླིང་གི་བར་སྣང་གི་ཕུབ་ཅེས་པའི་གྲོས་འགོའི་སྒྲོམ་གཞིའི་ནང་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

ཐུའུ་སི་ཁི་ཡིས་ཕོ་ལན་གྱིས་བཏོན་པའི་ཤར་ཕྱོགས་ཀྱི་ཕུབ་ཅེས་པའི་འཆར་གཞི་གླེང་སྐབས་བཤད་རྒྱུར། འཆར་གཞི་དེའི་དམིགས་ཡུལ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་མཚམས་བདེ་འཇགས་ལ་ནུས་ལྡན་གྱིས་སྲུང་སྐྱོབ་བྱེད་པ་དེ་འཇར་མན་གྱི་རྒྱལ་ཁབ་ཁེ་ཕན་དང་ཡང་འཚམ་པོ་ཡོང་བར་ཁག་ཐེག་བྱེད་ཆེད་ཡིན་ཟེར།

ཧྲའོ་ཨར་ཚི་ཡིས་བསྟན་དོན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པ་དང་། འཇར་མན་དང་ཕོ་ལན་རྒྱལ་ཁབ་གཉིས་ནི་ཝུའུ་ཁི་ལན་ལ་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་ཆེས་མང་བའི་རྒྱལ་ཁབ་ཡིན་ཞིང་། ཆབ་སྲིད་དང་དམག་དོན། ཡུལ་གྱར་བའི་དང་ལེན་ཕྱོགས་གང་ཡིན་ཡང་གཅིག་འདྲ་ཡིན། འཇར་མན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་པའོ་ལོ་ཏི་མཚོ་ཁོངས་ས་ཁུལ་གྱི་མགོ་ཁྲིད་ནུས་པ་ཁུར་དུ་བླངས་ཏེ། མནའ་འབྲེལ་གྱི་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་རེ་བ་བཏོན། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号