འཛམ་གླིང་ཡོངས་སུ་མི་དུང་ཕྱུར1.2ཙམ་ཆཊ་ས་བརྟེན་ས་མེད་པར་གྱུར་འདུག

ས་གནས་དེ་གའི་དུས་ཚོད་ཚེས13ཉིན་མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་ལོ་འཁོར་སྙན་ཞུའི་ནང་བསྟན་དོན། 2024ལོའི་ཟླ5པའི་བར་སླེབས་དུས། འཛམ་གླིང་ཡོངས་ཀྱི་འུ་ཐུག་ཐབས་ཟད་ངང་གནས་མེད་ཕྱོགས་གྱར་དུ་འགྲོ་མཁན་མི་གྲངས་དུང་ཕྱུར1དང་བྱེ་བ2བར་འཕར་ནས། ཟིན་ཐོ་བཀོད་ཚུན་གྱི་མང་ཤོས་ཡིན་པ་རེད། འདི་ཡང་འཛམ་གླིང་ཡོངས་ཀྱི་འུ་ཐུག་ཐབས་ཟད་ངང་གནས་མེད་ཕྱོགས་གྱར་དུ་འགྲོ་མཁན་གྱི་མི་གྲངས་ལོ12བསྟུད་མར་འཕར་བ་ཞིག་རེད། 

སྙན་ཞུའི་ནང་། མི་གྲངས་མང་དུ་ཕྱིན་པའི་འགག་རྩའི་རྒྱུ་རྐྱེན་ཞིག་ནི་སུའུ་ཏན་གྱི་གཏོར་བཤིག་རང་བཞིན་གྱི་གདོང་ཐུག་ཡིན་པ་སྟེ།  2023ལོའི་ལོ་མཇུག་ཏུ་སླེབས་སྐབས། སུའུ་ཏན་པ་བྱེ་བ1དང8འབུམ་ཙམ་སྔར་བཞིན་ཆགས་ས་བརྟེན་ས་མེད་པར་གྱུར་ཡོད་ཅེས་འཁོད་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཉེ་ཤར་ས་ཁུལ་གྱི་ཕ་ལེ་སི་ཐན་གྱི་ཡུལ་གྱར་བར་རྒུད་སྐྱོབ་དང་ལས་གྲྭ་ཁྲུའུ་ཡིས་ཚོད་དཔག་བྱས་པར་གཞིགས་ན།  2023ལོའི་ལོ་མཇུག་བར་སླེབས་དུས། ཀ་ཧྲ་ས་ཁུལ་དུ་མི་ས་ཡ1དང་འབུམ7ལྷག་ཙམ(དེས་ས་གནས་དེ་གའི་མི་འབོར་གྱི75%བཟུང་ཡོད)རེས་སྐོར་གསར་པའི་ཕ་དབྱི་གདོང་ཐུག་དབང་གིས་ཆགས་ས་བརྟེན་ས་མེད་པར་གྱུར་བ་དང་། དེའི་ནང་མང་ཆེ་བ་ནི་ཕ་ལེ་སི་ཐན་པ་ཡིན་པ་རེད། སི་རི་ཡར་སྔར་བཞིན་འཛམ་གླིང་ཡོངས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཚབས་ཆེ་ཤོས་ཐོན་བཞིན་ཡོད་པ་དང་། རྒྱལ་ཁབ་དེའི་མངའ་ཁོངས་ཕྱི་ནང་གི་མི་བྱེ་བ1དང་ས་ཡ3དང་འབུམ8འུ་ཐུག་ཐབས་ཟད་ངང་གནས་མེད་ཕྱོགས་གྱར་དུ་འགྲོ་དགོས་བྱུང་ཡོད། 

མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་བྱ་དོན་གྱི་མཐོ་རིམ་ཀྲོན་ཡོན་ཧྥེ་ལི་པོ•ཀེ་ལན་ཏིས། ང་ཚོས་ཧང་སངས་དགོས་པ་དང་རྒྱུན་ཆད་མེད་པར་འཕར་བའི་གྲངས་གཞི་དེ་དག་གི་རྒྱབ་ནས་མཐོང་དགོས་པ་ཞིག་ནི་མི་ཡུལ་གྱི་སྐྱོ་གར་གྲངས་མེད་དེ་ཡིན། སྡུག་བསྔལ་དེ་དག་གིས་ངེས་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཛ་དྲག་གི་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་ཐེབས་ཐུབ་པ་བྱས་ནས། འུ་ཐུག་ཐབས་ཟད་ངང་ཆགས་ས་བརྟེན་ས་མེད་པར་གྱུར་བའི་རྩ་བའི་རྒྱུ་རྐྱེན་དེ་དག་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད། 

སྙན་ཞུ་ལས་གསལ་བར། 2023ལོར། འཛམ་གླིང་ཡོངས་ལ་མངའ་ཁོངས་ནང་ཁུལ་གྱི་གནས་མེད་ཕྱོགས་གྱར་བ་ས་ཡ5ལྷག་ཙམ་དང་ཡུལ་གྱར་བ་ས་ཡ1ལྷག་ཙམ་རང་ཡུལ་དུ་ལོག་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号