2024ལོའི་ཀྲུང་གོ་དང་ཡོ་རོབ་ཚོང་ལས་ཀྱི་མཐོ་རིམ་གླེང་སྟེགས་ལས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱུའི་འབོད་སྐུལ་བཏང་།

2024ལོའི་ཀྲུང་གོ་དང་ཡོ་རོབ་ཚོང་ལས་ཀྱི་མཐོ་རིམ་གླེངས་སྟེགས་ཚེས14ཉིན་པུའུ་ལུའུ་སེར་ནས་བསྡུས། ཀྲུང་གོ་དང་འཇར་མན། པི་ལི་ཧྲི་སོགས་རྒྱལ་ཁབ་ཀྱི་ཁེ་ལས་ལས་ཁུངས་བརྒྱ་ཕྲག་ཙམ་གྱི་འཐུས་མི་སྐུད་ལམ་དང་ཡུལ་དངོས་རྣམ་པས་གླེང་སྟེགས་ལ་ཞུགས། གླེང་སྟེགས་ལ་ཞུགས་མཁན་གྱིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པར་སྐུལ་མ་བཏང་ཞིང་། ཁེ་ལས་སྡེ་ཁག་གི་ལུགས་མཐུན་རེ་ཞུར་ལན་བཏབ་པར་མ་ཟད། ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་ར་མཉམ་དུ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།

ཀྲུང་གོའི་ཡོ་རོབ་མནའ་འབྲེལ་དུ་སྡོད་པའི་ཕོ་ཉ་ཚོགས་པའི་གཞུང་ཚབ་པ་ཕིན་ཀང་གིས་བཤད་རྒྱུར། ཉེ་སྔོན་ཡོ་རོབ་ཨུ་ཡོན་ལྷན་ཁང་གིས་ཐོག་མའི་འཆར་གཞི་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་ནས་ནང་འདྲེན་བྱེད་པའི་གློག་སྒུལ་རླངས་འཁོར་ལ་ཁ་གསབ་ངོ་རྒོལ་དཔྱ་ཁྲལ་བསྡུ་རུབ་བྱེད་པར་བསྟན། ཡོ་རོབ་ཁོངས་གཏོགས་རྒྱལ་ཁབ་ཁ་ཤས་དང་། པིན་ཁྲི། པའོ་མཱ། ཏ་ཀྲུང་། སི་ཐི་ལན་ཏིས་སི་སོགས་ཡོ་རོབ་ཀྱི་རླངས་འཁོར་བཟོ་བསྐྲུན་ཁེ་ལས་སྐོར་ཞིག་གིས་གནས་ཚུལ་དེར་ཁ་གསལ་གྱིས་ངོ་རྒོལ་བྱས། ཀྲུང་གོའི་ཐོན་ལས་སྡེ་ཁག་གིས་དེར་ཡིད་ཕངས་བའི་ཚུལ་བསྟན་པར་མ་ཟད། ཀྲུང་གོ་ཕྱོགས་ཀྱིས་གཟབ་ནན་ལངས་ཕྱོགས་གསལ་བོར་བསྟན་པ་སྟེ། ང་ཚོའི་རེ་བ་ཡིན་ན་ཡོ་རོབ་ཕྱོགས་ཀྱིས་མྱུར་དུ་ཀྲུང་གོའི་ཕྱོགས་དང་བརྗེ་རེས་གྲོས་མོལ་དང་། གྲོས་མོལ་གྱིས་ཐག་གཅོད་བྱས་པ་བརྒྱུད་ཕྱོགས་གཉིས་ཀྱི་འབྲེལ་བ་ཡང་དག་གི་ལམ་དུ་བསྐྱོད་རྒྱུ་དེ་ཡིན་ཟེར།

ཕིན་ཀང་གིས་བཤད་རྒྱུར། ཀྲུང་གོ་དང་ཡོ་རོབ་ཀྱིས་ཉོ་ཚོང་མཉམ་ལས་དངོས་གཉེར་བྱེད་པ་དེ་ནི་གོ་སྐབས་ཤིག་ཡིན་པ་ལས་ཉེན་ཁ་མིན། ཀྲུང་གོའི་ནུས་ཁུངས་གསར་པའི་ཐོན་ཚད་ལྷག་དྲགས་སྨྲ་བ་དེ་ཡང་ཨ་མེ་རི་ཁ་དང་ཡོ་རོབ་ཀྱི་སྲིད་ཚོང་ཁག་ཅིག་གིས་བསྒྲིགས་པའི་རྫུན་གཏམ་ཞིག་རེད། ཐོན་ལས་ཁ་གསབ་སྲིད་ཇུས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་ཐུབ་ཅིང་། དེ་ནི་འཛམ་གླིང་རྒྱལ་ཁབ་སོ་སོས་ཡོངས་ཁྱབ་བཀོལ་སྤྱོད་བྱེད་པའི་ཤར་བགྲོད་བྱེད་ཐབས་ཤིག་ཡིན། ཀྲུང་གོའི་ཐོན་ལས་ཁ་གསབ་སྲིད་ཇུས་དེ་གཙོ་བོར་སྣེ་ཁྲིད་རང་བཞིན་གྱི་ཤས་ཆེ་ཞིང་། འབྲེལ་ཡོད་ཁ་གསབ་སྲིད་ཇུས་དུས་ལྟར་དུ་ཕྱོགས་ཡོངས་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་ཁྱབ་བསྒྲགས་བྱས་ཡོད་པས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་གཏན་འབེབས་བཀག་འགོག་བྱས་པའི་ཁ་གསབ་ཞིག་འདུས་མེད་ཟེར།

ཕིན་ཀང་གིས་བཤད་རྒྱུར། འདྲ་མཉམ་དང་བཟང་ཞིང་ཕན་ནུས་ལྡན་པའི་འགྲན་རྩོད་ཞིག་ཡིན་ན། ད་གཟོད་ཁེ་ལས་དང་ཚོང་རའི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་ཐུབ། ཀྲུང་གོའི་ཐོན་རྫས་དང་ཁེ་ལས་ཡོ་རོབ་དུ་ཐོན་ན། ཡོ་རོབ་གླིང་ལ་བཟང་ཕྱོགས་ཀྱི་འགྲན་རྩོད་བྱེད་པ་ཡིན་པས། ཡོ་རོབ་གླིང་གི་ཁེ་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་ཐུབ་པར་མ་ཟད། ཡོ་རོབ་གླིང་གི་ཚན་རྩལ་འཕེལ་རྒྱས་དང་། ཁེ་ལས་ཀྱི་འཇོན་ནུས་དང་མང་ཚོགས་ཀྱི་བདེ་སྐྱིད་བཅས་ལ་སྐུལ་འདེད་གཏོང་ཐུབ།

པི་ལི་ཧྲི་གོང་མ་ཚང་རྒྱལ་སྤྱིའི་འབྲེལ་བའི་སློབ་ཚོགས་ཀྱི་འཛམ་གླིང་ཁྲོད་ཀྱི་ཡོ་རོབ་གླིང་རྣམ་གྲངས་ཀྱི་ཀྲུའུ་རིན་སི་ཝུན་པིས་སི་ཁི་ཕུའུ་ཡིས་བཤད་རྒྱུར། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་རུང་། ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་རིམ་ལ་གཏོར་བརླགས་གཏོང་བའི་བསམ་ངན་བཅངས་མེད། ཡོ་རོབ་མནའ་འབྲེལ་གྱི་མི་སྣ་ཁ་ཤས་ཀྱིས་ཀྲུང་གོར་སྐྱོན་བརྗོད་དང་ཉེ་ལམ་སྤེལ་བའི་འགུལ་སྐྱོད་དེ་སྲིད་ཇུས་བཟང་པོ་གཏན་འབེབས་བྱེད་པར་མི་ཕན་པར་བཤད། ཁོས་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་གྲོས་ཁང་འདེམ་བསྐོའི་རྗེས་སུ་གོ་སྐབས་གསར་བ་ཞིག་བཙལ་ནས་འབྲེལ་བ་གསར་བ་འཕེལ་རྒྱས་སུ་གཏོང་རྒྱུར་འབོད་སྐུལ་བཏང་། 

ཡོ་རོབ་མནའ་འབྲེལ་ཀྲུང་གོའི་ཚོང་ཚོགས་ཀྱི་ཚོགས་གཙོ་ཞུའུ་ཁྲིན་གྱིས་བཤད་རྒྱུར། ཉེ་བའི་ལོ་འདི་འགར་ཀྲུང་གོ་དང་ཡོ་རོབ་ཉོ་ཚོང་མཉམ་ལས་དམ་ཟབ་ཏུ་འགྲོ་བཞིན་ཡོད། མིག་སྔར་གྱི་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་རྒྱབ་ལྗོངས་འོག ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་གཞི་གྲངས་ཚུལ་སྒྱུར་སོགས་གནད་དོན་ལ་མཉམ་དུ་ཁ་གཏད་འཇལ་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཁ་བརྡ་དང་མཉམ་ལས་བྱས་པར་བརྟེན་དཀའ་ཁག་ཁྱད་སེལ་བྱས་ནས་འཕེལ་རྒྱས་མཉམ་འགོད་བྱེད་དགོས་པ་མ་ཟད། འབྲེལ་བ་སྔར་ལས་གཏིང་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཚོང་ར་མཉམ་དུ་དར་རྒྱས་འགྲོ་བ་མངོན་འགྱུར་བྱེད་པའི་རེ་བ་ཡོད་ཅེས་བཤད།

ཐེངས་འདིའི་མཐོ་རིམ་གླེང་སྟེགས་དེ་ཡོ་རོབ་མནའ་འབྲེལ་ཀྲུང་གོའི་ཚོང་ཚོགས་ཀྱི་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་དང་ཡོ་རོབ་ནི་ཚོང་ར་ཆེན་མོ་གཉིས་སྟེ། ཕན་ཚུན་འབྲེལ་འདྲིས་གཏིང་ཟབ་དང་གཅིག་ལ་གཅིག་བརྟེན་བྱེད་དགོས་ཞེས་པ་བརྗོད་དོན་དུ་བཟུང་ཡོད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号