ཁོང་གོ(ཅིན)རྒྱལ་ཁབ་དུ་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི80ཚེ་ལས་འདས་པ།

པར་འདི་ནི་ཁོང་གོ(ཅིན)རྒྱལ་ཁབ་ཀྱི་ནུབ་ཕྱོགས་མ་དབྱི་ཨིན་ཏུང་པའེ་ཞིང་ཆེན་དུ་ཡོད་པའི་ཁོང་གོ་གཙང་བོ་རེད། 

ཟླ6པའི་ཚེས12ཉིན། ཁོང་གོ(ཅིན)ཙུང་ཐུང་གཞིས་ཤག་གིས་སྤྱི་འབྲེལ་སྨྱན་བྱད་སྟེང་། རྒྱལ་ཁབ་དེའི་ནུབ་ཕྱོགས་མ་དབྱི་ཨིན་ཏུང་པའེ་ཞིང་ཆེན་དུ་ཚེས10ཉིན་གྱི་དགོང་མོར་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི80ཚེ་ལས་འདས་པར་བཤད།

ཙུང་ཐུང་གཞིས་ཤག་གིས། ཚེས10ཉིན་གྱི་དགོང་མོར། མཚོ་གྲུ་ཞིག་མ་དབྱི་ཨིན་ཏུང་པའེ་ཞིང་ཆེན་གྱི་ཁོང་ཀོ་གཙང་བོ་རུ་ཆུར་ནུབ་པར་བཤད་ལ། ཁོང་གོའི(ཅིན)དཔོན་རིགས་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། དོན་རྐྱེན་དེ་ནི་ས་དེའི་དུས་ཚོད་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད11ཡས་མས་སུ་བྱུང་ཞིང་། མི185ཡི་སྲོག་བསྐྱབས་མོད་ཉུང་མཐར་ཡང་མི86རྐྱེན་ལམ་དུ་ཤོར་ཞིང་། དེའི་ཁྲོད་བྱིས་པ21འདུས་ཡོད་པར་བཤད། 

ཁོང་གོའི(ཅིན)ཙུང་ཐུང་ཆི་སའེ་ཁེ་ཏི་ཡིས་རྐྱེན་ལམ་དུ་ཤོར་མཁན་ལ་གདུང་སེམས་ཆེན་པོས་མྱ་ངན་ཞུས་པ་དང་ཆབས་གཅིག་འབྲེལ་ཡོད་སྡེ་ཁག་གིས་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱ་རྒྱུ་དང་དོན་རྐྱེན་ལ་བརྟག་དཔྱད་བྱ་དགོས་པའི་བླང་བྱ་བཏོན། 

ཁོང་གོ(ཅིན)རྒྱལ་ཁབ་ནང་མཚོ་དང་མཚེའུ་མང་པོ་ཡོད་སྟབས་མཚོ་གྲུ་ནི་འགྲོ་འོང་གི་ཡོ་བྱས་གཙོ་བོ་གྲས་ཀྱི་གཅིག་ཡིན་པ་རེད། མཚོ་གྲུ་རྙིང་ཧྲིལ་དུ་གྱུར་བ་དང་ལྗིད་ཚད་ལས་བརྒལ་བ་སོགས་ཀྱིས་མཚོ་གྲུ་ཆུར་ནུབ་པའི་དོན་རྐྱེན་གང་མང་བྱུང་བ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号