ཨུ་རུ་སུས་མོ་སི་ཁོའི་ཧོང་ཁྲང་ཐང་ཆེན་དུ་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར79ལོན་པར་རྗེས་དྲན་ཞུ་བའི་དམག་གཟིགས་མཛད་སྒོ་བསྡུས་པ།

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་དམག་གཟིགས་མཛད་སྒོ་ཁྲོད་ཞུགས་མཁན་ལ་ལག་འཇུ་གནང་བཞིན་པའི་རྣམ་པ་རེད། 

ཟླ5པའི་ཚེས9ཉིན། ཨུ་རུ་སུས་མོ་སི་ཁོའི་ཧོང་ཁྲང་ཐང་ཆེན་དུ་དམག་གཟིགས་མཛད་སྒོ་བསྡུས་ཏེ། རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར79ལོན་པར་རྗེས་དྲན་ཞུས། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧྲའོ་དབྱི་ཀུ་དང་ཨུ་རུ་སུ་མནའ་འབྲེལ་གྱི་དྲག་ཆས་ནུས་ཤུགས་སྐམ་དམག་སྤྱི་ཁྱབ་དམག་སྤྱི་ས་ལིག་ཁེ་ཧྥུའུ་རྣམ་གཉིས་ཀྱིས་རླངས་འཁོར་ལ་བསྡད་ནས་རུ་ཁག་ལ་གཟིགས་ཞིབ་གནང་། ཨུ་རུ་སུའི་ཙུང་ཐུང་ངམ་དྲག་ཆས་ནུས་ཤུགས་ཀྱི་ཆེས་མཐོའི་སྤྱི་ཁྱབ་བཀོད་འདོམས་པ་ཕུའུ་ཅིན་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཨུ་རུ་སུའི་རྒྱལ་དར་མཛད་སྒོའི་ཚོགས་ར་ནང་དྲངས་པའི་རྣམ་པ་རེད། 

ཕུའུ་ཅིན་གྱིས་ཤིས་ཚིག་ནང་། དེ་རིང་ང་ཚོ་ཚང་མས་མཉམ་དུ་ཨུ་རུ་སུའི་མེས་པོ་རྣམས་ལ་དྲན་གསོ་ཞུ་རྒྱུ་དང་། ཁོ་ཚོས་མེས་རྒྱལ་ལ་སྲུང་སྐྱོབ་བྱས་ཤིང་ནཱ་ཙིའི་རིང་ལུགས་ཐལ་བའི་རྡུལ་དུ་བརླག་ནས་ཡོ་རོབ་གླིང་གི་མི་དམངས་ལ་བཅིངས་འགྲོལ་བཏང་བ་རེད། དེ་དང་དུས་མཚུངས་སུ་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་མནའ་འབྲེལ་དམག་དཔུང་གི་དམག་མི་དང་ངོ་རྒོལ་ལས་འགུལ་གྱི་ཁོངས་མི། གསང་བའི་བྱ་བ་སྒྲུབ་མཁན།  ངེས་མེད་རྒོལ་རྡུང་རུ་མི། འཇར་པན་དམག་རྒྱལ་རིང་ལུགས་ཀྱི་དམག་འཁྲུག་ལ་འགོག་རྒོལ་བྱས་པའི་ཀྲུང་གོའི་མི་དམངས་བཅས་ཀྱི་བློ་སྟོབས་ལ་གུས་འདུད་ཞུས་པ་རེད། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་དམག་མིའི་རླངས་འཁོར་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ“ཡཱ་ཨར་སི”འཕུར་མདའི་མ་ལག་གི་རུ་དཔུང་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

ཕུའུ་ཅིན་གྱིས། དེ་རིང་ནུབ་ཕྱོགས་པས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ལོ་རྒྱུས་ལ་ལོག་བཤད་དང་། འགལ་བ་སློང་བཞིན་ཡོད་པ་རེད། ཨུ་རུ་སུས་དུས་ནམ་ཡང་གཞན་ཕུད་རང་བཞིན་གྱི་འདོད་ཚུལ་གང་རུང་ལ་ཁས་ལེན་མི་བྱེད་པ་མ་ཟད། ནུས་ཤུགས་ཡོད་རྒུས་གོ་ལ་ཧྲིལ་པོ་རང་བཞིན་གྱི་གདོང་ཐུག་ལ་སྔོན་འགོག་བྱ་རྒྱུ་ཡིན་ཚུལ་བསྟན། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་དམག་མི་རུ་དཔུང་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

དམག་མི9000ལྷག་དང་། དྲག་ཆས་དང་དམག་དོན་ལག་རྩལ་གྱི་སྒྲིག་ཆས70ལྷག་ཐེངས་འདིའི་དམག་གཟིགས་མཛད་སྒོར་ཞུགས། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་དམག་མི་སྐྱེས་མའི་རུ་དཔུང་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

ཉིན་དེར། ཧྲིན་པི་ཏི་པའོ་སོགས་ཨུ་རུ་སུའི་གྲོང་ཁྱེར20ལྷག་ཏུའང་དམག་གཟིགས་མཛད་སྒོ་བསྡུས།

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་སུའུ-25རྟགས་ཅན་གྱི་ཕར་རྒོལ་གནམ་གྲུ་ཧོང་ཁྲང་ཐང་ཆེན་གྱི་མཁའ་དབྱིངས་སུ་བསྐྱོད་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་དམག་མི་རུ་དཔུང་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

1945ལོའི་ཟླ6པའི་ཚེས24ཉིན། སུའུ་ལེན་གྱིས་ཆེས་ཐོག་མར་ཧོང་ཁྲང་ཐང་ཆེན་དུ་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་རྗེས་དྲན་ཞུ་བའི་དམག་གཟིགས་མཛད་སྒོ་བསྡུས་པ་རེད། སུའུ་ལེན་ཐོར་ཞིག་ཏུ་གྱུར་རྗེས། 1995ལོ་ནས་བཟུང་ཨུ་རུ་སུ་ཡིས་ལོ་རེའི་ཟླ5པའི་ཚེས9ཉིན་རྒྱལ་སྲུང་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་དམག་གཟིགས་མཛད་སྒོ་དང་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་རེད། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཧྲའོ་དབྱི་ཀུ་ཡིས་དམག་གཟིགས་མཛད་སྒོ་སྟེང་དམག་དཔུང་ལ་གཟིགས་ཞིབ་གནང་བཞིན་པའི་རྣམ་པ་རེད། 

པར་འདི་ནི་ཟླ5པའི་ཚེས9ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་རྔ་རྡུང་རུ་དཔུང་ཧོང་ཁྲང་ཐང་ཆེན་དུ་བསྐྱོད་བཞིན་པའི་རྣམ་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号