ཧིན་རྡུ་ཉི་ཞི་ཡ་རུ་མེ་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་གཉིས་གདོང་ཐུག་བྱུང་སྟེ་མི5ཚེ་ལས་འདས་པ་དང་མི15ལ་རྨས་ཕོག་པ།
ས་གནས་དེ་གའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཟླ4པའི་ཚེས21ཉིན། ཧིན་རྡུ་ཉི་ཞི་ཡའི་ནན་སུའུ་མིན་ཏཱ་ལ་ཞིང་ཆེན་དུ་མེ་འཁོར་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ཞིག་ལ་གདོང་ཐུག་བརྒྱབ་པ་ལས་མི5ཚེ་ལས་འདས་པ་དང་མི15ལ་རྨས་ཕོག
གསར་འགྱུར་ནང་ས་གནས་དེ་གའི་ལྕགས་ལམ་སྡེ་ཁག་གི་དཔོན་རིགས་ཨ་སི་ཅ་ཡི་སྐད་ཆ་དྲངས་ཏེ། དོན་རྐྱེན་དེ་ནི་གཞུང་ལམ་དང་མེ་འཁོར་གྱི་ལྕགས་ལམ་བསྣོལ་སའི་བཞི་མདོ་ཞིག་ཏུ་བྱུང་བ་རེད། མེ་འཁོར་ཞིག་དང་སྤྱི་སྤྱོད་རླངས་འཁོར་གཉིས་ལམ་གྱི་བཞི་མདོ་ནས་མཉམ་དུ་ཁེལ་ཞིང་། མེ་འཁོར་གྱི་གོམས་གཤིས་ཧ་ཅང་ཆེ་སྟབས་གདོང་ཐུག་དྲག་པོ་བྱུང་སྟེ། སྤྱི་སྤྱོད་རླངས་འཁོར་དེ་སྨི50ལྷག་གི་སར་དེད་ལ། སྤྱི་སྤྱོད་རླངས་འཁོར་ནང་གི་འགྲུལ་བ་མང་པོ་རླངས་འཁོར་གྱི་ཕྱི་རོལ་དུ་དབྱུགས།
ཨ་སི་ཅ་ཡིས། “མི1ཡུལ་དངོས་ནས་ཚེ་ལས་འདས་པ་དང་མི4སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་སྐབས་ཚེ་ལས་འདས་པ་རེད། གཞན་མི15ལ་རྨས་ཕོག་ཡོད་པར”བཤད།
ཁོས་བསྟན་དོན། འདས་པོ་ཚང་མ་སྤྱི་སྤྱོད་རླངས་འཁོར་གྱི་འགྲུལ་བ་ཏག་ཏག་ཡིན་ལ། རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注