ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་གནོད་སྐྱེལ་བའི་བྱ་སྤྱོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས་ཉེར་གཅིག་ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་གནོད་སྐྱེལ་བའི་བྱ་སྤྱོད་མཇུག་སྒྲིལ་དགོས་པར་མ་ཟད། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ལ་ཕྱོགས་ཡོངས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧྲུའུ་ཁའེ་ལི་ཡིས་ཉིན་དེར་རྒྱལ་ས་ཁའེ་རོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་བཙན་བཟུང་བྱས་པའི་ས་ཁོངས་ཀྱི་འགྲོ་མིའི་ཐོབ་ཐང་གནས་ཚུལ་གྱི་དམིགས་བསལ་སྙན་ཞུ་བ་ཨ་ཨར་པཱ་ནེ་སེ་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་ཇི་ལྟར་ཕཱ་ལེ་སི་ཐན་མི་དམངས་ཀྱི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་བར་གྲོས་བསྡུར་བྱས།

ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཧྲུའུ་ཁའེ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་འཇབ་རྒོལ་ཇེ་མང་དུ་སོང་བ། ཁྲིམས་འགལ་གཏན་སྡོད་བྱེད་སའི་བྱ་འགུལ་བཅས་ལས་ཕཱ་ལེ་སི་ཐན་པའི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་དང་གཏན་འཇགས་ཐད་ཤུགས་རྐྱེན་ཐེབས་ཡོད། ང་ཚོས་ངེས་པར་དུ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་གནོད་སྐྱེལ་བའི་བྱ་སྤྱོད་མཇུག་སྒྲིལ་ནས་མུ་མཐུད་དུ་ས་ཁུལ་དེར་ཕྱོགས་ཡོངས་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་མ་ཟད། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱི་དྲག་ཤུགས་དང་འཇབ་རྒོལ་བྱ་སྤྱོད་མེད་པར་གཏོང་དགོས་པ་བསྐྱར་སྒྲོག་བྱས་པ་ཡིན་ཟེར།

ཧྲུའུ་ཁའེ་ལི་ཡིས་ད་རུང་བསྟན་དོན། ངེས་པར་དུ་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་བཙན་གྱིས་ཡུལ་འཁྱམས་བྱེད་དུ་འཇུག་པའི་བྱེད་ཐབས་མཚམས་འཇོག་དགོས་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མིར་ཐུན་མོང་ཆད་གཅོད་ཀྱི་སྲིད་ཇུས་ལག་བསྟར་བྱེད་མཚམས་འཇོག་དགོས་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཨར་པཱ་ནེ་སེ་ཡིས་ཕཱ་ལེ་སི་ཐན་མི་དམངས་ཀྱི་གནོད་འཚེ་རང་བཞིན་གྱི་མི་ཆོས་རིང་ལུགས་གནས་བབ་ལ་སེམས་ཁུར་ཆེན་པོ་བྱེད་པའི་ཚུལ་བསྟན་པར་མ་ཟད། མུ་མཐུད་དུ་ཨེ་ཅིབ་དང་མཉམ་དུ་ཕཱ་ལེ་སི་ཐན་མི་དམངས་ཀྱི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་ཇི་ལྟར་ཇེ་ཡང་དུ་གཏོང་བར་གྲོས་བསྡུར་བྱེད་འདོད་ཡོད་པའི་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号