རྒྱ་གར་གྱིས་འབྲས་ཕྱིར་གཏོང་མི་བྱེད་པའི་ཁྱབ་བསྒྲགས་བྱས།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་20ཉིན། རྒྱ་གར་སྲིད་གཞུང་གིས་རྒྱལ་ནང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་ཆེད། རྒྱ་གར་གྱིས་བཙོས་འབྲས་དང་རྒྱ་གར་གྱི་ཞིམ་འབྲས་ཕུད་པའི་དེ་བྱིངས་ཀྱི་འབྲས་ཕྱིར་གཏོང་བཀག་འགོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ8ཚེས19ཉིན། རྒྱ་གར་ནོར་སྲིད་པུས་བརྡ་ཐོ་བཏང་ནས། ཙོང་ཕྱི་གཏོང་གི་སྒོ་ཁྲལ40%བསྡུ་རྒྱུ་ཡིན་པ་རེད། བརྡ་ཐོ་དེ་འཕྲལ་དུ་གོ་ཆོད་ནས་འདི་ལོའི་ཟླ12ཚེས31ཉིན་བར་ལག་བསྟར་བྱ་རྒྱུ་རེད།

བརྡ་ཐོའི་ནང་། བྱ་ཐབས་དེའི་དམིགས་ཡུལ་ནི་ཙོང་གི་རིན་གོང་མི་འཕར་བར་བྱེད་པ་དང་ཆབས་ཅིག་རྒྱ་གར་རྒྱལ་ནང་གི་ཁྲོམ་རར་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱ་རྒྱུ་དེ་རེད། གཞི་གྲངས་ལས་མངོན་པར་གཞིགས་ན། རྒྱ་གར་གྱི་ཁྲོམ་ར་གཙོ་བོའི་ཙོང་སྡེབ་ཚོང་གི་རིན་གོང་ཟླ་7པ་ནས་8བར་སྤྱི་རྒྱ་རེར་ལུའུ་པི24(ཧ་ལམ་མི་དམངས་ཤོག་སྒོར་2.1དང་མཚུངས)བར་འཕར་བ་དང་། འཕར་ཚད20%ཙམ་ཟིན་ཡོད་པ་རེད།

རྒྱ་གར་གྱི་ཙོང་རིལ་རིན་གོང་གནམ་གཤིས་ཀྱི་འགྱུར་བ་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད། དུས་ཚིགས་ལས་ལྡོག་པའི་ཆར་དུས་སམ་ཡང་ན་ཚ་བ་ཆེ་བའི་དུས་སུ་རྒྱ་གར་དུ་རྒྱལ་ནང་གི་ཐོན་ཚད་ཆག་པ་དང་རིན་གོང་འཕར་བ་རེད། རྒྱ་གར་དུ་ཟླ་7པར་ཙོང་རིལ་ཐོན་ཁུལ་གཙོ་བོར་དུས་རླུང་གི་ཆར་པ་བབས་པ་འབབ་སྐབས་དང་འཕྲད་ནས། ཙོང་རུལ་ཆེན་ཚབས་ཆེ་རུ་འགྲོ་བ་རེད། དེ་འཕྲལ་རྒྱ་གར་ལ་ལོ་100ལྷག་ཙམ་རིང་ཐན་པ་ཆེ་ཤོས་འཕྲད་ཉེན་ཆེ་བའི་ཟླ་8ཡིན་པས། ཙོང་སོགས་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། ལས་རིགས་གཅིག་པའི་མི་སྣས་སྔོན་དཔག་བྱས་པར་གཞིགས་ན། སླད་ཕྱིན་ཙོང་གི་རིན་གོང་དེ་བས་ཀྱང་འཕར་རྒྱུ་རེད། 

དེའི་གོང་གི་ཚེས་11ཉིན། རྒྱ་གར་སྲིད་གཞུང་གི་མཛོད་ཉར་ཁྲོད་ནས་ཙོང་བཏང་ཡོད། ལུའུ་ཐུའོ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་ནི་གོ་ལ་ཧྲིལ་པོའི་ཙོང་རིགས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་པ་དང་། ད་ལོའི་ལོ་སྟོད་དུ་ཙོང་ཏུན་ཁྲི་149ཕྱིར་གཏོང་བྱས་ཤིང་། དུས་མཚུངས་ལས་63%ཙམ་འཕར་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་སྔོ་ཚལ་གྱི་རིན་གོང་སྤྱི་ཡོངས་ནས་འཕར་བར་བརྟེན། ཟླ་7པར་རྒྱ་གར་གྱི་འཛད་སྤྱོད་པའི་རིན་གོང་སྟོན་གྲངས་དུས་མཚུངས་ལས་7.44%འཕར་ནས། ཟླ་15རིང་གི་མཐོ་ཤོས་བཏོད་ཡོད་པ་རེད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号