རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་པས་ཀྲ་པའོ་ལོ་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་ཞེས་འབོད་སྐུལ་བཏང་བ།

པར་འདི་ནི་ཟླ4པའི་ཚེས11ཉིན་ཨོ་ཏི་ལི་ཝེ་ཡ་ན་རུ་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་པ་གེ་ལོ་ཞི་ཡིས་རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་ཆེད་དམིགས་གྲོས་ཚོགས་འཚོགས་བཞིན་པའི་རྣམ་པ་རེད།

རྒྱལ་སྤྱིའི་ཉིང་རྡུལ་ནུས་པའི་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་པ་གེ་ལོ་ཞི་ཡིས་ཚེས11ཉིན་ལས་ཁུངས་ཀྱི་ལས་འཛིན་ལྷན་ཚོགས་འཚོགས་སྐབས་བསྟན་དོན། ཉེ་ཆར་ཀྲ་པའོ་ལོ་ཉིང་རྡུལ་གློག་འདོན་ས་ཚིགས་ལ་མི་མེད་གནམ་གྲུས་འཇབ་རྒོལ་ཐེབས་པ་དེས་ཉིང་རྡུལ་དོན་རྐྱེན་འབྱུང་བར་ཉེན་ཁ་སྔར་ལས་ཇེ་ཆེར་གྱུར་བ་རེད། ཁོང་གིས་ཕྱོགས་སོ་སོས་དམག་དོན་ཀྱི་བྱ་སྤྱོད་སྤེལ་དུས་ཀྲ་པའོ་ལོ་ཉིང་རྡུལ་གློག་འདོན་ས་ཚིགས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་སྐོར་གྱི་རྩ་དོན5ངེས་པར་དུ་བརྩི་སྲུང་བྱེད་དགོས་ཞེས་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号