2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་ཆེད་དོན་བྱ་འགུལ་འཇར་མན་དུ་སྤེལ་བ།

པར་འདི་ནི་ཟླ4པའི་ཚེས5ཉིན་འཇར་མན་སི་ཐུའུ་ཅཱ་ཐའེ་རུ2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་འཇར་མན་གྱི་ཆེད་དོན་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས་རྣམ་པ་རེད། 

2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་འཇར་མན་གྱི་ཆེད་དོན་བྱ་འགུལ་ཟླ4པའི་ཚེས5ཉིན་པ་ཏེང-ཧྥུའུ་ཐིང་པའོ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་སི་ཐུའུ་ཅ་ཐེ་རུ་སྤེལ་ཞིང་། ཐེངས་འདིའི་བྱ་འགུལ་གྱིས་འཇར་མན་གྱི་བཟོ་ཚོང་ལས་རིགས་ཀྱི་འཐུས་མི300ལྷག་གི་ཡིད་དབང་བཀུག་པ་རེད། འཇར་མན་གྱི་དཔལ་འབྱོར་ཞིབ་འཇུག་སའོ་ཡི་སྙན་ཞུ་ལས། 2023ལོར་འཇར་མན་གྱིས་ཀྲུང་གོར་ཐད་ཀར་དུ་མ་རྩ་བཞག་པའི་བསྡོམས་འབོར་ཟིན་ཐོ་བཏོད་དེ་ཡོ་རོབ་ཀྱི་སྒོར་མོ་དུང་ཕྱུར119ལ་སླེབས་ཤིང་ལོ་སྔོན་མ་ལས4.3%འཕར་ཡོད། 2023ལོར་འཇར་མན་གྱིས་ཀྲུང་གོར་མ་རྩ་བཞག་པ་དེ་འཇར་མན་གྱིས་ཕྱིའི་རྒྱལ་ཁབ་ལ་མ་རྩ་བཞག་པའི་བསྡོམས་འབོར་གྱི་བསྡུར་ཚད10.5%ཟིན་ཏེ2014ལོ་ཚུན་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་འདུག 

པར་འདི་ནི་ཟླ4པའི་ཚེས5ཉིན་འཇར་མན་སི་ཐུའུ་ཅཱ་ཐའེ་རུ2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་འཇར་མན་གྱི་ཆེད་དོན་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་ཟླ4པའི་ཚེས5ཉིན་འཇར་མན་སི་ཐུའུ་ཅཱ་ཐའེ་རུ2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་འཇར་མན་གྱི་ཆེད་དོན་བྱ་འགུལ་སྤེལ་བཞིན་པའི་ཡུལ་དངོས་རྣམ་པ་རེད།

པར་འདི་ནི་ཟླ4པའི་ཚེས5ཉིན་འཇར་མན་སི་ཐུའུ་ཅཱ་ཐའེ་རུ་འཇར་མན་མནའ་འབྲེལ་གྲོས་ཁང་ཏི་ཀྲུང་གྲོས་ཚོགས་ཀྱི་ཚན་གཙོ་ཀྲུའུ་ཞིའམ་གྲོས་དཔོན་གཞོན་པ་ཟུར་པ། ནང་སྲིད་པུའུ་ཡི་པུའུ་ཀྲང་ཟུར་པ་ཧྥའོ་ལི་ཏི་ལི་ཡིས2024ལོའི“ཀྲུང་གོར་མ་རྩ་འཇོག”ཅེས་པའི་འཇར་མན་གྱི་ཆེད་དོན་བྱ་འགུལ་སྟེང་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号