དྲུག་ཅུ་པ། གཟབ་གཟབ་ནན་ནན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རོལ་བ་ནི། ང་ཚོའི་ཏང་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས་སྲིད་ཏང་གཞན་དང་ཁྱད་པར་འབྱེད་པའི་ཁྱད་ཆོས་གལ་ཆེན་ཞིག་ཡིན་ལ། ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་ཀྱང་ཡིན། དུས་ཡུན་རིང་པོའི་ལག་ལེན་གྱིས་བདེན་དཔང་བྱས་པ་ལྟར་ན། གཟབ་གཟབ་ནན་ནན་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རོལ་བ་ནི། ང་ཚོའི་ཏང་གིས་ཏང་གི་གཤིས་རྒྱུད་དང་དམིགས་ཡུལ་གཙོ་བོ་རྒྱུན་འཁྱོངས་བྱེད་པ་དང་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་འཛིན་བྱེད་པའི་ཐབས་མཆོག་ཅིག་དང་། ཏང་ནང་ཁུལ་གྱི་འགལ་བ་དང་གནད་དོན་ཐག་གཅོད་པའི“གསེར་གྱི་ལྡེ་མིག་ལྟ་བུ”ཞིག རྒྱ་ཆེ་བའི་ཏང་ཡོན་དང་ལས་བྱེད་པའི་ཏང་གཤིས་སྦྱོང་བའི“ཞུན་ཐབ་ཆེན་མོ”ཞིག ཏང་སྲོལ་དག་གཙང་དུ་གཏོང་བའི“གཙང་སྒྱུར་འཕྲུལ་ཆས”ཤིག་བཅས་ཡིན།
——《ཏང་གི་རང་ངོས་གསར་བརྗེ་གླེང་བ》ལས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注