བརྗོད་དོན་སློབ་གསོའི་ཤེས་བྱ་ཉིང་བསྡུས།(31 )

ང་གཉིས་པ། ཏང་གི་བྱ་གཞག་ནི་རླབས་ཆེ་ལ་དཀའ་ངལ་ལྡན་པ་དང་འགན་ལྗིད་ལ་འགྲུབ་ཐག་རིང་། མི་ལ་ལ་སོང་གིན་སོང་གིན་ཅིའི་ཕྱིར་འགྲོ་དགོས་པ་བརྗེད་པར་གྱུར་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་བརྗེད་པར་མ་ཟད། ང་ནི་སུ་ཡིན་པ་དང་སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་དགོས་པའང་བརྗེད་པར་གྱུར་པས། གུང་ཁྲན་ཏང་མིའི་རང་མདངས་ཀྱང་ཤོར་བཞིན་ཡོད། དེ་སྟབས་ཀྱིས་ང་ཚོས་ངེས་པར་དུ་ལས་གཏོད་ལ་རྨང་འདིང་བའི་སྐབས་ཀྱི་ཐོག་མའི་བསམ་འདུན་དང་། ཏང་གི་ཕུགས་འདུན་དང་དད་སེམས། དམིགས་ཡུལ་བཅས་བརྟན་པོར་བསྲུངས་ནས། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཐོབ་པར་འབད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་འབྱུང་བར་བརྩོན་པ། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་གི་འབྲེལ་བ་དུས་དང་རྣམ་པ་ཀུན་ཏུ་རྒྱུན་སྲུང་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་དུས་གཏན་དུ་སྲུང་འཛིན་བྱེད་དགོས། 



——《ཏང་གི་རང་ངོས་གསར་བརྗེ་གླེང་བ》ཞེས་པ་ལས། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号