འཛད་སྤྱོད་པའི་བདེ་འཇགས་ལ་གནོད་པ་ཐེབས་ན་ཇི་ལྟར་བྱ།

བློ་མཐུན་རྩོམ་སྒྲིག་པ་ལགས།

2023ལོའི་ཟླ3པའི་ཚེས10ཉིན། གཅོད་པ་དང་ཁོའི་ཤ་ཉེ་མང་པོ་ཞིག་ཚོང་གཉེར་མཁན་ཏེ་རྡོ་རྗེ་ཡི་མགྲོན་ཁང་དུ་བསྡད་པ་དང་། མགྲོན་ཁང་གིས་མཁོ་འདོན་བྱས་པའི་རྐུབ་སྟེགས་ཀྱི་རྒྱུ་སྤུས་ཚད་ལྡན་མིན་པས། ཁོ་ཚོས་ཁང་པ་རུ་མཱ་ཅང་རྒྱག་སྐབས་གཅོད་པ་ཙོག་བསྡད་ཡོད་པའི་རྐུབ་སྟེགས་གློ་བུར་ཆག་སྟེ་ཐང་ལ་འགྱེལ་ནས་རྨས་སྐྱོན་བཟོས།

ཕྱིས་སུ་གཅོད་པས་སྨན་ཁང་དུ་སྨན་བཅོས་བྱས་པར་སྨན་རིན་སྒོར14820སོང་བར་མ་ཟད་ལས་ཆག་བྱུང་བར་སྒོར17000གི་གྱོང་གུད་ཕོག་པ་རེད། གཅོད་པས་ཐེངས་གང་མང་ཞིག་ལ་རྡོ་རྗེ་དང་སྐྱིན་ཚབ་གཞལ་བའི་ཐད་གྲོས་བྱས་ཀྱང་ཕན་འབྲས་མ་བྱུང་བས། མཐར་རྡོ་རྗེ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་རྡོ་རྗེ་ཡིས་སྐྱིན་ཚབ་གཞལ་འགན་འཁུར་དགོས་སམ།

ཞེས་བསམ་ཁོ་ཡིས།

བློ་མཐུན་བསམ་ཁོ་ལགས།

ཁྲིམས་ཁང་གིས་འདྲི་གཅོད་བྱས་རྗེས་སྤྱི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་རྒྱུའི་ངོས་འཛིན་བྱས་ཡོད། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1198པའི་ཚན་པ1པོའི་གཏན་འཁེལ་ལྟར་ན། “མགྲོན་ཁང་དང་ཚོང་ར། དངུལ་ཁང་། རླངས་འཁོར་འབབ་ཚུགས། གནམ་གྲུ་ཐང་། ལུས་རྩལ་ར་བ། རོལ་རྩེད་ཁང་སོགས་ཚོང་གཉེར་བྱེད་ས་དང་། སྤྱིའི་འདུ་གནས་ཀྱི་ཚོང་གཉེར་མཁན་དང་དོ་དམ་པའམ་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་ཐེག་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན་དབང་གནོད་ཁག་འགན་འཁུར་དགོས”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིའི་ཁྲོད་དུ། རྡོ་རྗེ་ཡིས་བདེ་འཇགས་འགན་ལེན་གྱི་འོས་འགན་སྣང་མེད་དུ་བཞག་ནས་རྐུབ་སྟེགས་དུས་ལྟར་ཞིག་གསོ་མ་བྱས་པས་འཛད་སྤྱོད་པར་རྨས་སྐྱོན་བཟོས་ཤིང་། དེ་ནི་ལུགས་མཐུན་གྱི་ཁྱབ་ཁོངས་ནང་འཛད་སྤྱོད་པའི་བདེ་འཇགས་ལ་འགན་ལེན་བྱ་དགོས་པའི་འོས་འགན་མ་བསྒྲུབས་པའི་ཁོངས་སུ་གཏོགས་ལ། དེར་གྱོང་གུད་བཟོས་པར་ནོར་འཛོལ་མངོན་གསལ་ཡོད་པས་རྡོ་རྗེ་ཡིས་སྐྱིན་ཚབ་གཞལ་འགན་གཙོ་བོ་འཁུར་དགོས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号