ང་ཚོས་མཉམ་དུ《དམངས་དོན་ཁྲིམས་གཞུང》སློབ།
ལེའུ་དགུ་པ། གཏུག་བཤེར་ནུས་ཡུན།
དོན་ཚན་བརྒྱ་དང་གྱ་བརྒྱད་པ། མི་དམངས་ཁྲིམས་ཁང་ལ་དམངས་དོན་ཁེ་དབང་སྲུང་སྐྱོབ་བྱེད་པའི་རེ་འདུན་ཞུ་བའི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ལོ་གསུམ་ཡིན། བཅའ་ཁྲིམས་ཀྱིས་ལོགས་ཀྱི་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་ག་གཞིར་འཛིན་དགོས།
གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་ཁེ་དབང་བདག་པོས་ཁེ་དབང་ལ་གནོད་སྐྱོན་ཕོག་པ་དང་དེ་བཞིན་འོས་འགན་འཁུར་མཁན་ཤེས་པའམ་ཤེས་དགོས་པའི་ཉིན་ནས་རྩི་དགོས། བཅའ་ཁྲིམས་ཀྱིས་ལོགས་སུ་གཏན་འབེབས་བྱས་ཡོད་ན། གཏན་འབེབས་དེ་ག་གཞིར་འཛིན་དགོས། ཡིན་ན་ཡང་། ཁེ་དབང་ལ་གནོད་སྐྱོན་ཕོག་ཉིན་ནས་ལོ་ཉི་ཤུ་ཡན་བརྒལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་སྲུང་སྐྱོབ་མི་བྱེད་པ་དང་། དམིགས་བསལ་གྱི་གནས་ཚུལ་ཡོད་ན། མི་དམངས་ཁྲིམས་ཁང་གིས་ཁེ་དབང་བདག་པོའི་རེ་ཞུ་ལྟར་ཕྱི་འགྱངས་བྱེད་རྒྱུ་ཐག་བཅད་ཆོག
དོན་ཚན་བརྒྱ་དང་གྱ་དགུ་པ། དོ་བདག་བར་བུན་འགན་གཅིག་དུས་བགོས་ཀྱིས་འཁྲི་སྒྲུབ་བྱེད་པའི་གྲོས་དན་བཞག་ཡོད་ན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི་དུས་བགོས་འཁྲི་སྒྲུབ་བྱེད་ཐེངས་མཐའ་མ་དེའི་དུས་བཀག་ལོངས་ཉིན་ནས་རྩི་དགོས།
དོན་ཚན་བརྒྱ་དང་དགུ་བཅུ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའི་མིའམ་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་ཐེབས་པའི་མིས་སོ་སོའི་ཁྲིམས་བཀོད་ལས་ཚབ་པར་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི། ཁྲིམས་བཀོད་ལས་ཚབ་དེ་མཇུག་བསྒྲིལ་ཉིན་ནས་རྩི་དགོས།
དོན་ཚན་བརྒྱ་དང་གོ་གཅིག་པ། ནར་མ་སོན་པའི་མིར་འདོད་པའི་གནོད་འཚེ་ཕོག་པར་གནོད་སྐྱོན་སྐྱིན་གསབ་བྱེད་དགོས་པའི་རེ་འདུན་ཞུ་དབང་གི་གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ནི། གནོད་སྐྱོན་ཕོག་མཁན་རང་ལོ་བཅོ་བརྒྱད་ལ་སོན་ཉིན་ནས་རྩི་དགོས། །
དོན་ཚན་བརྒྱ་དང་གོ་གཉིས་པ། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པ་ཡིན་ན། འོས་འགན་འཁུར་མཁན་གྱིས་འོས་འགན་མི་སྒྲུབ་པའི་དག་འབུད་བྱས་ཆོག
གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་རྗེས། འོས་འགན་འཁུར་མཁན་ལ་འོས་འགན་སྒྲུབ་པའི་མོས་མཐུན་ཡོད་ན། གཏུག་བཤེར་ནུས་ཡུན་གྱི་ཡུན་ཚད་ལོངས་པར་ཁ་གཡར་ནས་དག་འབུད་བྱས་མི་ཆོག འོས་འགན་འཁུར་མཁན་གྱིས་རང་མོས་ངང་འོས་འགན་བསྒྲུབས་ཟིན་པ་ཡིན་ན། ཕྱིར་སློག་བྱེད་དགོས་པའི་རེ་འདུན་བཏོན་མི་ཆོག
དོན་ཚན་བརྒྱ་དང་གོ་གསུམ་པ། མི་དམངས་ཁྲིམས་ཁང་གིས་རང་འགུལ་གྱིས་གཏུག་བཤེར་ནུས་ཡུན་སྐོར་གྱི་གཏན་འབེབས་སྤྱད་མི་འཐུས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注