ཅི་ཞིག་ལ་སྦས་སྐུང་དང་འགེབས་སྲུང་གི་ནག་ཉེས་ཟེར།

སྦས་སྐུང་དང་འགེབས་སྲུང་གི་ནག་ཉེས་ཞེས་པ་ནི་ནག་ཉེས་གསོག་མཁན་ཡིན་པ་ཤེས་བཞིན་དུ། དེར་གཞའ་ས་དང་རྒྱུ་དངོས་མཁོ་འདོན་བྱས་ཏེ་བྲོས་བྱོལ་བྱེད་རོགས་སམ། ཡང་ན་དཔང་ཡིག་རྫུན་མ་བཟོས་ནས་འགེབས་སྲུང་བྱེད་པའི་བྱ་སྤྱོད་ལ་ཟེར། ནག་ཉེས་འདི་གྲུབ་པར་ངེས་པར་ནག་ཉེས་གསོག་མཁན་གྱིས་ནག་ཉེས་མ་བསགས་གོང་དེ་དང་འབྲེལ་འདྲིས་མ་བྱས་པ་སྟེ། བྱ་བ་མ་བསྒྲུབས་གོང་ལ་ངན་ཇུས་མ་བྱས་པ་དང་བྱ་བ་བྱུང་རྗེས་གསལ་པོར་ཤེས་པ་དེ་ལ་བྱ་སྤྱོད་སྤེལ་མཁན་གྱིས་ད་གཟོད་སྦས་སྐུང་དང་འགེབས་སྲུང་བྱས་པའི་ནག་ཉེས་བསགས་པ་ཡིན་དགོས། རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན310པའི་གཏན་འཁེལ་ལྟར་ན། ནག་ཉེས་གསོག་མཁན་ཡིན་པ་ཤེས་བཞིན་དུ་དེར་གཞའ་ས་དང་རྒྱུ་དངོས། བྲོས་བྱོལ་བྱེད་རོགས་བྱས་པའམ་དཔང་ཡིག་རྫུན་མ་བཟོས་ཏེ་འགེབས་སྲུང་བྱས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་། ཉེས་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号