དགའ་རོགས་སྔོན་མས་ཆགས་བརྙན་བསྐུར་ཏེ་བར་ཆད་བཟོས་ན་རང་ཉིད་ཀྱི་ཁེ་དབང་ཇི་ལྟར་བསྲུང་།

རང་རྒྱལ་གྱི《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》ཁྲོད་གཏན་འཁེལ་གསལ་པོ་བྱས་ཡོད་པ་ལྟར་ན།བུད་མེད་ལ་ཆགས་རྩེད་བསྙད་རྐོའི་རིགས་བྱེད་པར་གཏན་འགོག་བྱ་དགོས། ཆགས་རྩེད་བསྙད་རྐོ་ཞེས་པ་ནི་རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱིས་ཞིབ་བརྗོད་ཀྱི་རྣམ་པའི་ཐོག་ནས་དེར་བྱེ་བྲག་གི་གཏན་འཁེལ་བྱས་ཡོད་དེ། དེའི་མཚོན་ཚུལ་གཙོ་བོ་ནི་ངག་ཐོག་གི་རྣམ་པ་སྟེ། དཔེར་ན། གཤམ་གྱི་སྐད་ཆ་ལྟར་ཕ་རོལ་པོར་ཟིང་སློང་བྱེད་པ་དང་། བྱ་སྤྱོད་སྤེལ་སྟངས་ཀྱི་ཆ་ནས་དཔེ་བཞག་ན། བསམ་བཞིན་དུ་ཕ་རོལ་པོའི་གསང་གནས་སོགས་ལ་རེག་པ། ཡང་ཁོར་ཡུག་བཀོད་སྒྲིག་བྱེད་པའི་ཐབས་ལམ་གྱི་ཆ་ནས་དཔེ་བཞག་ན། བྱ་བ་སྒྲུབ་གནས་སུ་ཆགས་སྲེད་ཀྱི་པར་རིས་བཀོད་སྒྲིག་བྱས་ནས་ཕ་རོལ་པོ་ངོ་ཚ་གཏོད་པ་སོགས་ཡིན། ཆགས་རྩེད་བསྙད་རྐོའི་གནོད་འཚེ་ཐེབས་པའི་བུད་མེད་ཀྱིས་རང་ཉིད་གནས་སའི་ལས་ཁུངས་དང་བྱ་སྤྱོད་སྤེལ་མཁན་གནས་སའི་ལས་ཁུངས། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་འབྲེལ་ཡོད་ལས་ཁུངས་བཅས་ལ་ཞུ་གཏུག་བྱས་ཆོག་ལ་ཐད་ཀར་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཀྱང་ཆོག དེ་དང་མཉམ་དུ་རང་རྒྱལ་གྱི 《བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར་ན། “ཆགས་རྩེད་བསྙད་རྐོའི་བྱ་སྤྱོད་ལ་ཉིན5མན་གྱི་བཀག་ཉར་རམ་སྒོར500མན་གྱི་དངུལ་ཆད་བཅད་ཆོག གནས་ཚུལ་ཅུང་ཚབས་ཆེན་ཡིན་ན་ཉིན5ནས10ཡི་མན་བར་གྱི་བཀག་ཉར་དང་སྒོར500མན་གྱི་དངུལ་ཆད་མཉམ་དུ་བཅད་ཆོག”ཅེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号