ལུགས་མཐུན་འགོག་སྲུང་ནི་ག་འདྲ་ཞིག་ཡིན།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན20པའི་གཏན་འཁེལ་ལྟར་ན། “རྒྱལ་ཁབ་དང་སྤྱི་པའི་ཁེ་ཕན། རང་ཉིད་དམ་མི་གཞན་གྱི་མི་ལུས་དང་རྒྱུ་ནོར། ཁེ་དབང་གཞན་དག་བཅས་ལ་ཁྲིམས་འགལ་གྱི་གནོད་འཚེ་མི་ཕོག་པའི་ཆེད་དུ། ཁྲིམས་འགལ་གྱི་བཙན་གནོད་བཀག་འགོག་བྱེད་པའི་བྱ་སྤྱོད་སྤེལ་བར་ཁྲིམས་འགལ་གྱི་བཙན་གནོད་བྱེད་མཁན་ལ་གནོད་སྐྱོན་བཟོས་པའི་རིགས་ནི་ལུགས་མཐུན་འགོག་སྲུང་གི་ཁོངས་སུ་གཏོགས་པས་ཉེས་དོན་འགན་འཁྲི་འཁུར་མི་དགོས།

        ལུགས་མཐུན་འགོག་སྲུང་མངོན་གསལ་གྱིས་དགོས་ངེས་ཀྱི་ཚད་ལས་བརྒལ་ནས་གནོད་སྐྱོན་ཚབས་ཆེན་བཟོས་པར་ཉེས་འགན་འཁུར་དགོས་མོད། འོན་ཀྱང་ཉེས་ཆད་ཇེ་ཡང་ངམ་མེད་པར་གཏང་ཆོག

        མི་གསོད་པ་དང་འཕྲོག་བཅོམ་བྱེད་པ། བཙན་གཡེམ་བྱེད་པ། བཙན་ཁྲིད་བྱེད་པ་བཅས་དང་དེ་བཞིན་མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་བཞིན་པའི་དྲག་ཤུགས་ཀྱི་ནག་ཉེས་བསགས་རིགས་ལ་འགོག་སྲུང་གི་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་གྱི་བཙན་གནོད་བྱེད་མཁན་ཤི་རྨས་བྱུང་ནའང་། འགོག་སྲུང་བྱས་པ་ཚད་ལས་བརྒལ་བའི་ཁོངས་སུ་མི་གཏོགས་པས་ཉེས་དོན་འགན་འཁྲི་འཁུར་མི་དགོས”ཞེས་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号