སྦྲག་ཁུག་ཆུང་ཆུང་ནང་གི་བདེ་འཇགས་ཆེན་པོ།
རྩོམ་སྒྲིག་པའི་མཆན།
སྐུར་སྐྱེལ་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་བརྟན་ལྷིང་དང་འབྲེལ་བ་ཡོད་ལ།རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་འབྲེལ་བ་ཡང་ཡོད་པ་རེད། སྤྱི་ཚོགས་ཡོངས་ཀྱིས་སྐུར་སྐྱེལ་བདེ་འཇགས་ཀྱི་རང་བཞིན་གལ་ཆེན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྦྲག་སྐྱེལ་ཁེ་ལས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་འབྲེལ་ཡོད་བདེ་འཇགས་བྱ་ཐབས་དོན་ལ་འཁྱོལ་བ་དང་། སྦྲག་སྐྱེལ་བདེ་འཇགས་ཀྱི་འགོག་རགས་བརྟན་དུ་བཏང་སྟེ་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་སྲུང་སྐྱོང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་བྱ་ཆེད་སྐུར་སྐྱེལ་ཞབས་ཞུའི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་སྦྲག་ཁུག་ཆུང་ཆུང་ནང་གི་བདེ་འཇགས་ཆེན་པོ་མཉམ་དུ་བསྲུང་དགོས།
སྦྲག་ཁུག་ཆུང་ཆུང་ནང་ལ་བདེ་འཇགས་ཆེན་པོ་ཡོད།
2022ལོར་རང་རྒྱལ་དུ་ལོ་ཧྲིལ་པོར་སྦྲག་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར1105.8ལ་ཟིན་པ་དང་།དེའི་ནང་རྒྱལ་སྤྱིའི་མྱུར་སྐྱེལ་ལས་སྒོ་སྤེལ་ཚད་དུང་ཕྱུར20ལས་བརྒལ་བ་རེད། སྦྲག་སྐྱེལ་སྦྲག་ཁུག་རེ་རེ་བཞིན་ཕར་སྐུར་ཚུར་ལེན་ཁྲོད་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དོན་གཉེར་གྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་མངོན་ཡོད། ཀྲུང་གོ་སྦྲག་སྐྱེལ་ནི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་དང་། ཀྲུང་གོའི་ལམ་དང་ཟམ་པ། གྲུ་ཁ་བཅས་དང་མཉམ་དུ་ཀྲུང་གོའི་མིང་བྱང་ལྟ་བུར་གྱུར་ཡོད།
དེ་དང་ཆབས་ཅིག་སྦྲག་སྐྱེལ་ནི་མི་སྒེར་གྱི་བདེ་འཇགས་དང་། སྤྱི་པའི་བདེ་འཇགས། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། རྒྱལ་ཁབ་བདེ་འཇགས་ཀྱི་ངོས་ནས་བལྟས་ན། ཁྲིམས་འགལ་བ་ཁག་གཅིག་གིས་མེ་མདའ་དང་འབར་གས་དངོས་པོ། དེ་བཞིན་དུག་རྫས་སོགས་སྦྲག་སྐྱེལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ངེས་པར་དུ་ནན་འགོག་བྱ་དགོས་པ་དང་། ཀྲུང་གོར་ངོ་རྒོལ་བྱེད་པའི་མངའ་ཁོངས་ཕྱིའི་དགྲར་འཛིན་སྟོབས་ཤུགས་ཁ་ཤས་ཀྱིས་སྐུར་སྐྱེལ་ཐབས་ལམ་ལ་བརྟེན་ནས་ཁྲིམས་འགལ་གྱི་དཔེ་དེབ་དང་། བསྒྲགས་ཡིག། སྒྲ་བརྙན་སོགས་སྣ་ཚོགས་རྒྱལ་ནང་དུ་བརྒྱུད་གཏོང་བྱེད་རིགས་ལ་ངེས་པར་དུ་ནན་འགོག་བྱ་དགོས། རྒྱལ་ཁབ་ཁག་གཅིག་གིས་སྐུར་སྐྱེལ་ཐབས་ལམ་བརྒྱུད་དེ་རང་རྒྱལ་གྱི་གསང་འཕྲིན་རྐུ་བ་སོགས་ཀྱི་བྱ་སྤྱོད་སྤེལ་བར་ངེས་པར་དུ་ནན་འགོག་བྱ་དགོས། རང་རྒྱལ་གྱི་ཐུན་མོང་མ་ཡིན་པའི་སྲོག་ཆགས་དང་རྩི་ཤིང་གི་མ་དཔེ་དང་། ཆེས་དཀོན་པའི་ལྕགས་རིགས་ཐོན་ཁུངས་སོགས་སྐུར་སྐྱེལ་ཐབས་ལམ་བརྒྱུད་དེ་མངའ་ཁོངས་ཕྱི་རོལ་དུ་ཤོར་ནས་རང་རྒྱལ་གྱི་སྲོལ་རྒྱུན་མིན་པའི་བདེ་འཇགས་ལ་དངོས་ཡོད་ཀྱི་འཇིགས་སྐུལ་བཟོ་བཞིན་ཡོད་པར་ངེས་པར་དུ་ནན་འགོག་བྱ་དགོས།
ང་ཚོས་མཉམ་དུ་སྐུར་སྐྱེལ་བདེ་འཇགས་སྲུང་སྐྱོང་པ་ཞིག་བྱ་དགོས།
སྐུར་སྐྱེལ་བདེ་འཇགས་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་།སྤྱི་ཚོགས་བརྟན་ལྷིང་།མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་བཅས་དང་འབྲེལ་བ་ཡོད་ཅིང་། སྐུར་སྐྱེལ་བདེ་འཇགས་སྲུང་བར་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱ་དགོས།
2023ལོའི་ཟླ་བ5པར། རྒྱལ་ཁབ་བདེ་འཇགས་པུའུ་སོགས་པུའུ་ཨུ17གྱིས《སྐུར་སྐྱེལ་བདེ་འཇགས་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི》མཉམ་འབྲེལ་ཐོག་བཀྲམ་ནས་མེ་མདའ་དང་འབར་གས་དངོས་རྫས་དང་། དུག་རྫས། ངོ་ལོག་དྲིལ་བསྒྲགས་ཀྱི་དངོས་རྫས། རྫས་འགྱུར་དངོས་རྫས་ཉེན་ཆེན། དབང་གནོད་ཀྱི་ཚོང་ཟོག་རྫུན་མ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེ་དག་གི་བཟོས་རྫས། ཕྱི་ནས་ཡོང་བའི་སྐྱེ་དངོས་རིགས། སྨན་རྫས་རྫུན་མ། དངུལ་སྒོར་རྫུན་མ། རྡོ་ཐ་སོགས་ཁྲིམས་འགལ་གྱིས་སྐུར་སྐྱེལ་བྱ་སྤྱོད་ལ་ཞིབ་བཤེར་ཆད་གཅོད་ནན་པོ་བྱས་ནས་དམ་གནོན་གྱི་རྣམ་པ་ཆགས་སུ་འཇུག་པ་བསྟན་ཡོད།
སྦྲག་སྲིད་སྦྲག་སྐྱེལ་ཁེ་ལས་ཀྱིས་སྐུར་སྐྱེལ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་ཏེ་མིང་དངོས་ནས་སྐུར་ལེན་དང་སྐུར་ལེན་ཞིབ་བཤེར། འཕྲུལ་ཆས་བདེ་བཤེར་བཅས་ཀྱི་ལམ་ལུགས་གསུམ་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་དགོས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཆེ་རུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། བཀག་སྡོམ་དངོས་རྫས་མི་ཉོ་བ་དང་སྐུར་སྐྱེལ་མི་བྱེད་པ་བྱ་དགོས། སྦྲག་སྐྱེལ་པ་སྐུར་ལེན་གྱི་ལས་གནས་དངོས་སུ་ཡོད་པས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ལས་གནས་ཀྱི་འགན་འཁྲི་སྔར་བས་ཡག་པོ་འཁུར་བ་དང་། སྐུར་སྐྱེལ་བདེ་འཇགས་སྲུང་སྐྱོང་གི་འོས་འགན་བསྒྲུབ་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་དོགས་ཡོད་སྐུར་སྐྱེལ་བྱ་སྤྱོད་དང་འཕྲད་སྐབས་དུས་ཐོག་ཏུ12339ཐེར་འདོན་དང་ལེན་ཁ་པར་རྒྱག་པའམ་ཡང་ནwww.12339.gov.cnའབྲེལ་དྲྭའི་ཐེར་འདོན་དང་ལེན་སྟེགས་བུར་ཞུགས་པ། ཡང་ན་རྒྱལ་ཁབ་བདེ་འཇགས་པུའུ་ཡི་འཕྲིན་ཕྲན་སྤྱི་ཨང་དང་ལེན་ཐབས་ལམ་བརྒྱུད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ལ་ཡར་ཞུ་བྱ་དགོས།
རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་འབྲེལ་ཡོད་སྡེ་ཚན་བར་གྱི་མཉམ་ལས་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྐུར་སྐྱེལ་གྱི་འབྲེལ་ཐག་ཧྲིལ་པོར་ལྟ་སྐུལ་དོ་དམ་གྱི་ལེགས་ཆ་འདོན་པ་དང་། འབྱུང་རྩ་འགོག་ཅིང་འབྲེལ་ཐག་གཅོད་ལ་མཇུག་རྩ་བཀོག་སྟེ་སྐུར་སྐྱེལ་གྱི་ཐབས་ལམ་ནས་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས། སྐུར་སྐྱེལ་གྱི་ཐབས་ལམ་ནས་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་སྲུང་ཡོལ་བརྟན་དུ་གཏང་དགོས།
རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་དྲན་སྐུལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》ཀྱི་དོན་ཚན་སོ་བདུན་པའི་ནང་གཏན་འབེབས་བྱས་དོན།“སྡེ་ཚན་དང་མི་སྒེར་སུས་ཀྱང་སྦྲག་རྫས་ལ་བརྟེན་ནས་གཤམ་གསལ་ནང་དོན་གཏོགས་པའི་དངོས་རྫས་སྐུར་སྐྱེལ་བྱ་མི་ཆོག་པ་སྟེ།(གཅིག)རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་ལ་ངན་སྐུལ དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་དང་རྒྱལ་ཁབ་ཁ་ཕྲལ་གཏོང་བ། རྒྱལ་ཁབ་གཅིག་གྱུར་ཡོང་བར་གཏོར་བཤིག། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རིགས།(གཉིས།)རྒྱལ་ཁབ་ཀྱི་གསང་དོན་ཕྱིར་བསྒྲགས་པའི་རིགས།(གསུམ།)དཀྲོག་གཏམ་སྤེལ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ་དང་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་རིགས།(བཞི།)མི་རིགས་འཁོན་འཛིན་དང་མི་རིགས་མཐོང་ཆུང་བྱེད་པར་ངན་སྐུལ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་རིགས།(ལྔ།)ལོག་ཆོས་སམ་རྨོངས་དད་སྒྲོག་སྤེལ་གྱི་རིགས། (དྲུག)ཆགས་སྲེད་དང་། རྒྱན་འཛུགས། འཇིགས་སྐུལ་གྱི་ཆ་འཕྲིན་སྤེལ་བ་དང་ཉེས་གསོག་ངན་སྐུལ་བྱེད་རིགས།(བདུན།)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་བཀག་པའི་ནང་དོན་གཞན་དག་བཅས་སོ།།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྦྲག་སྲིད་བཅའ་ཁྲིམས》ཀྱི་དོན་ཚན་དོན་བརྒྱད་པའི་ནང་གཏན་འབེབས་བྱས་དོན།“སྦྲག་སྲིད་ཁེ་ལས་དང་དེའི་ལས་སྒྲུབ་མི་སྣ་དང་། སྦྲག་སྐྱེལ་ཁེ་ལས་དང་དེའི་ལས་སྒྲུབ་མི་སྣས་གཉེར་སྐྱོང་བྱེད་སྒོ་སྤེལ་རིང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད་ཡོད་ན། བཅའ་ཁྲིམས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་བདའ་འདེད་གཏང་རྒྱུ་དང་། སྦྲག་སྲིད་དོ་དམ་སྡེ་ཁག་གིས་སྦྲག་སྐྱེལ་ཁེ་ལས་དེའི་སྦྲག་སྐྱེལ་ལས་སྒོ་གཉེར་སྐྱོང་འཁྲོལ་འཛིན་རྩིས་མེད་དུ་གཏང་རྒྱུ།”
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཅིག་པར་གཏན་འབེབས་བྱས་དོན།“རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གསང་མྱུལ་གྱི་བྱ་སྤྱོད་ལ་ཁྲིམས་ལྟར་བརྟག་དཔྱད་བྱེད་པ་ལ། སྦྲག་སྲིད་དང་སྦྲག་སྐྱེལ་སོགས་དངོས་ཟོང་འདྲེན་གཉེར་སྐྱོང་སྡེ་ཚན་དང་གློག་འཕྲིན་ལས་སྒོ་གཉེར་སྐྱོང་པ། འབྲེལ་དྲྭའི་ཞབས་ཞུ་མཁོ་འདོན་བྱེད་མཁན་བཅས་ཀྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ཀྱི་དོན་ཚན་ང་བརྒྱད་པར་གཏན་འབེབས་བྱས་དོན།“བཅའ་ཁྲིམས་འདིའི་དོན་ཚན་ཞེ་གཅིག་པའི་གཏན་འབེབས་དང་འགལ་རིགས་ལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། ཐ་ཚིག་སྒྲོག་པའམ་བརྡ་ཁྱབ་སྐྱོན་བརྗོད་བྱ་རྒྱུ། ཡོ་བསྲང་གཏན་ནས་མི་བྱེད་པའམ་ཉེས་ཚབས་ཆེ་རིགས་ལ་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཆད་པ་གཅད་རྒྱུ།”
རྒྱལ་ཁབ་བདེ་འཇགས་པུའུ་ཡི་སྤྱི་ཨང་ནས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注