མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྤུས་འདེགས་ནུས་སྤེལ་ཐད་སྐུལ་འདེད་གཏོང་རྒྱུ་རེད།
ཟླ4པའི་ཚེས14ཉིན། གསར་འགོད་པས2025ལོའི་དམངས་ཚིས་དོན་དངོས་བཟོ་སྐྲུན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2025ལོར། མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་སྲིད་ཇུས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རོགས་སྐྱོབ་ཀྱི་གྲངས་ཀའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་རོགས་སྐྱོབ་ཀྱི་བཅོས་བསྒྱུར་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་སོགས་ཕྱོགས་ནས་རིམ་དབྱེ་རིགས་བགོ་ཡི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་ཉེན་བརྡ་ལྟ་ཞིབ་དང་རོགས་སྐྱོབ་རོགས་རམ་ལ་ཤུགས་སྣོན་པ། སྤྱི་ཚོགས་རོགས་སྐྱོབ་ཀྱི་ཞབས་ཞུའི་ཕན་ནུས་མཐོར་འདེགས་བཏང་སྟེ། དམངས་ཚིས་འགན་སྲུང་གི་བདེ་འཇགས་དྲ་རྒྱ་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་རེད།
ད་ལོར། མཚོ་སྔོན་གྱིས་གནས་སྐབས་རོགས་སྐྱོབ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་བཟོ་བཅོས་བྱས་པ་དང་འཐུས་ཚང་དུ་བཏང་བ་དང་། འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་བཙུགས། ཡོང་སྒོ་དམའ་བའི་མི་གྲངས་ངེས་འཛིན་བྱེད་ཐབས་དང་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་དཔལ་འབྱོར་གནས་བབ་ལ་ཞིབ་བསྡུར་བྱེད་ཐབས། འགྲོ་གྲོན་ཐད་ནས་དཀའ་ཁག་ཡོད་པའི་ཁྱིམ་ཚང་ངོས་འཛིན་བྱེད་ཐབས་བཅས་འཐུས་ཚང་དུ་བཏང་། དེ་དང་མཉམ་དུ། རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་ཉེན་བརྡའི་ལྟ་ཞིབ་མ་ལག་ལ་རྒྱབ་རྟེན་བྱས་ནས། ཞིང་ལས་ཞིང་སྡེ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང། སྨན་བཅོས་འགན་སྲུང་སོགས་སྡེ་ཁག་བར་བསྡོམས་པས་གཞི་གྲངས་འབུམ་གསུམ་དང་ཁྲི་བཞི་སྟོང་བརྒྱད་དང་བརྒྱ་ཙམ་བརྗེ་རེས་མཉམ་སྤྱོད་བྱས་པ་དང་། ཉེན་བརྡའི་ཆ་འཕྲིན་སྟོང་བདུན་དང་ཉིས་བརྒྱ་ཉེར་བདུན་སྤེལ་ལ། རིགས་མི་འདྲ་བའི་རོགས་སྐྱོབ་བྱེད་དགོས་པའི་མི་སྟོང་བཞི་དང་སུམ་བརྒྱ་སོ་ལྔ་གསར་སྣོན་བྱས་ནས། དཀའ་ཁག་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱས། མཛོད་གཅིག་དང་དྲ་རྒྱ་གཅིག སྟེགས་བུ་གཅིག་འཛུགས་སྐྲུན་བྱེད་པར་དམིགས་ནས། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་ཉེན་བརྡའི་དམིགས་ཚད་སྒྲིག་བཀོད་རྒྱུན་མཐུད་ལེགས་བསྒྱུར་བྱས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་སོགས་སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་མ་ལག་ལེགས་སྒྲིག་བྱས་ལ། སྤྱི་ཚོགས་རོགས་སྐྱོབ་ཀྱི་འགྲོ་ལུགས་དྲ་ཐོག་ནས་བསྒྲུབ་ཐུབ་པར་བྱས་པ་དང་། དྲ་ཐོག་གི་གཞི་གྲངས་ཆེན་པོའི་ལྟ་ཞིབ་དང་ཡུལ་གནས་ཀྱི་མཐིལ་རྟོགས་རིམ་བཤེར་ཟུང་འབྲེལ་བྱས་པ་བརྒྱུད་དེ། ཡོང་སྒོ་དམའ་བའི་མི་གྲངས་ཀྱི་ཆ་འཕྲིན་སྒོ་གཅིག་ནས་མཛོད་འཇུག་བྱེད་པ་དང་འགུལ་རྣམ་ལྟ་ཞིབ་བྱེད་པ། རིམ་བགོས་དོ་དམ་བྱེད་པ། དགོས་མཁོ་ལྟར་སྤྲོད་སྐྱེལ་བྱེད་པ་མངོན་འགྱུར་བྱས།
རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་ད་དུང་སྤྱི་ཚོགས་རོགས་སྐྱོབ་ཡུལ་གཞན་ནས་བསྒྲུབ་པ་དང་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ། མ་མཐའི་འཚོ་བའི་འགན་སྲུང་གི་ཞིབ་བཤེར་གཏན་འབེབས་ཀྱི་དབང་ཚད་མར་སྤྲོད་བྱེད་པ་སོགས་ཀྱི་བཅོས་བསྒྱུར་ཚོད་ལྟ་དགུ་འཕྲོ་རིམ་འཕྲོར་སྤེལ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་དཀའ་ཁག་མང་ཚོགས་སྟོང་གཅིག་གིས་སྤྱི་ཚོགས་རོགས་སྐྱོབ་ཡུལ་གཞན་ནས་བསྒྲུབ་པའི་རེ་ཞུ་བྱས་ཏེ་དུས་ཐོག་ཏུ་རོགས་སྐྱོབ་འགན་སྲུང་གི་ཁྱབ་ཁོངས་ཁྲོད་བཞག་པ་དང་། ངལ་རྩོལ་གྱི་ནུས་པ་ཤོར་བའི་མི་ཁྲི་དྲུག་དང་སྟོང་བརྒྱད་དང་ཡང་ན་ངལ་རྩོལ་གྱི་ནུས་པ་ཤོར་བའི་མཁར་གྲོང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པའི་མི་ཁ་ཤས་བཅས་ཡོང་སྒོ་དམའ་བའི་མི་གྲངས་ཀྱིས་གཟིགས་སྐྱོང་བདག་སྐྱོང་དང་སེམས་གསོ་སོགས་ཀྱི་ཞབས་ཞུའི་རིགས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལོངས་སྤྱོད་བྱེད་དུ་བཅུག
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注